གྲོགས་རམ་འབད་མི་ གསོ་བའི་བརྟག་དཔྱད་འཕྲུལ་ཆས།

ཇ་པཱན་གཞུང་གིས་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་འབད་ཡོདཔ།

༉ ཁ་ཙ་ ཇ་པཱན་གཞུང་གིས་ དཔལ་འབྱོར་དང་ མི་སྡེ་གོང་འཕེལ་ལས་རིམ་གྱི་ གྲོགས་རམ་ཐོག་ལས་ གསོ་བ་དང་འཕྲོད་བསྟེན་གནས་སྟངས་ རྩ་བརྟན་བཟོ་ཐབས་ལུ་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་འབད་ཡོདཔ་ཨིན་པས།

ལས་འགུལ་དེ་གི་ ཆ་ཤས་ཅིག་སྦེ་ ཡེན་ས་ཡ་༢༣ གནས་པའི་ གསོ་བའི་བརྟག་དཔྱད་འཕྲུལ་ཆས་༡༡ གྲོགས་རམ་འབད་མི་དེ་ ཁ་ཙ་ གསོ་བ་ལྷན་ཁག་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།

རྩིས་སྤྲོད་དེ་ཡང་ གསོ་བ་ལྷན་ཁག་གི་དྲུང་ཆེན་ ཌོག་ཊར་ པཱན་གྲུབ་ཚེ་རིང་དང་ ཇ་པཱན་གྱི་ དཔལ་འབྱོར་དང་གོང་འཕེལ་བློན་པོ་ མི་ཡ་མོ་ཏོ་ ཤིན་གོ་གིས་ ཡོངས་འབྲེལ་ཐོག་ལས་ འབད་ཡོདཔ་ཨིན་པས།

གསོ་བའི་བརྟག་དཔྱད་འཕྲུལ་ཆས་ཚུ་ཡང་ ཀོ་བིཌ་-༡༩ དང་འབྲེལ་བའི་ གློ་ཚད་དང་ དོན་ཧིང་དང་འབྲེལ་བའི་ ནད་གཞི་ཚུ་ བརྟག་དཔྱད་འབད་ནིའི་དོན་ལུ་ ལག་ལེན་འཐབ་སྟེ་ རྒྱལ་ཁབ་ནང་ ཀོ་བིཌ་-༡༩ འི་ནདཔ་ཚུ་ མགྱོགས་པར་བདའ་ཟུན་ཏེ་ གསོ་བའི་གནས་སྟངས་ཚུ་ ལེགས་བཅོས་འབད་ཐབས་ལུ་ཨིན་པས།

དེ་མ་ཚད་ འབག་བཏུབ་པའི་ འཕྲུལ་ཆས་ཅིག་འབདཝ་ལས་ ཁེ་ཕན་ལེན་ཏེ་ སྨན་ཁང་ནང་འཁོད་མ་ཚད་ གསོ་བའི་ཞབས་ཏོག་མ་ལྷོད་སའི་ ས་ཁོངས་དང་གཡུས་སྒོ་ཚུ་ནང་ཡང་ འབག་འགྱོ་སྟེ་ ལག་ལེན་འཐབ་བཏུབ་ནི་ཨིན་པས།

འཕྲུལ་ཆས་དེ་གིས་ འབྲུག་གིས་ ནད་ཡམས་ཀྱི་གདོང་ལེན་འབད་བའི་སྐབས་ ཕན་ཐོགས་སྦོམ་འབྱུང་ཚུགས་པའི་ རེ་བ་ཡོདཔ་ད་ དེ་བ་ལྷགཔ་སྦེ་ འབྲུག་དང་ ཇ་པཱན་བར་ནའི་མཐུན་ལམ་དེ་ དམ་ཟབ་འགྱོ་ནིའི་ རེ་བ་ཡོད་པའི་གནས་ཚུལ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *