ཆེ་མཐོ་ཁྲིམས་འདུན་གྱིས་ སྒོ་ཤིང་རྒཔོ་ལུ་ བཙོན་ཁྲིམས་མར་ཕབ་ཐོག་ ལོ་༨ བཀལ་ཡོདཔ།

༉ ཁ་ཙ་ ཆེ་མཐོ་ཁྲིམས་འདུན་གྱིས་ གཞལམ་སྒང་རྫོང་ཁག་གི་ སྒོ་ཤིང་རྒཔོ་ སངས་རྒྱས་ལས་འཕྲོ་ལུ་ མི་མང་གི་ མ་དངུལ་ལོག་སྤྱོད་འབད་བའི་ ཉེས་འཛུགས་ལུ་ བཙོན་ཁྲིམས་ལོ་༨ བཀལ་ཡོདཔ་ཨིན་པས།

ད་ལྟོའི་བཙོན་ཁྲིམས་དེ་ པཱན་སྦང་དྲུང་ཁག་ཁྲིམས་འདུན་གྱིས་ བཙོན་ཁྲིམས་ལོ་༡༠ དང་ཟླཝ་༣ བཀལ་མི་ལས་ མར་ཕབ་འབད་ཡོདཔ་ད་ ཁོ་གི་ ཉེས་འཛུགས་ཡང་ མར་ཕབ་འབད་ཡོདཔ་ཨིན་པས།

དྲུང་ཁག་ཁྲིམས་འདུན་གྱིས་ སྤྱི་ལོ་༢༠༡༩ ལུ་ ཁོ་ལུ་ བཙོན་ཁྲིམས་བཀལ་བའི་ཤུལ་ལས་ རྫོང་ཁག་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་མི་དེ་ ད་ལྟོའི་ རྫོང་ཁག་གི་དྲང་དཔོན་དེ་ གསརཔ་བསྐོ་བཞག་འབད་ཡོདཔ་ལས་ ཁོ་ར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་སྡོད་པའི་སྐབས་ རྩོད་བཤེར་དེ་གི་དོན་ལུ་ གྲལ་གཏོགས་ཡོདཔ་ལས་ ཁེ་ཕན་ལྟག་སྤྲོད་ཡོད་ནི་དེ་གིས་ མཐོ་གཏུགས་དེ་ ཐད་ཀར་དུ་ ཆེ་མཐོ་ཁྲིམས་འདུན་ལུ་ བཏང་ཡོདཔ་ཨིན་པས།

ཁོ་གིས་ འཁྲུན་ཆོད་དེ་ལུ་ ད་རུང་ མཐོ་གཏུགས་འབད་ནིའི་ འཆར་གཞི་ཡོདཔ་ད་ ཁོ་ལུ་ མི་མང་གི་མ་དངུལ་ལས་ སྣུམ་འཁོར་དང་ འཕྲུལ་ཆས་གླ་ཁར་ལེན་མི་དང་ ས་སྣུམ་མཁོ་སྒྲུབ་ཀྱི་ འབྱོར་འཛིན་ཚུ་ནང་ གོང་ཚད་ཡར་སེང་འབད་དེ་ ལོག་སྤྱོད་འབད་བའི་ ཉེས་འཛུགས་ཕོག་ ཡོདཔ་ཨིན་པས།

དེ་མ་ཚད་ ཁོ་གིས་ ལས་མི་མེད་རུང་ ཡོད་པའི་མིང་ཐོ་རྫུས་མ་བཙུགས་ཏེ་ མི་མང་གི་མ་དངུལ་ ལོག་སྤྱོད་འབད་ཡོདཔ་ལས་ ཁྲིམས་འདུན་གྱིས་ ཁོ་ལུ་དངུལ་ཀྲམ་ས་ཡ་༢.༩ ཡང་ སོར་ཆུད་འབད་དགོ་པའི་ བཀའ་རྒྱ་བཏོན་ཡོདཔ་ཨིན་པས།

དྲུང་ཁག་ཁྲིམས་འདུན་གྱིས་ རྒཔོ་ལུ་ མ་དངུལ་ལོག་སྤྱོད་དང་འབྲེལ་བའི་ ཉེས་འཛུགས་ཁག་༡༠ འབད་ཡོདཔ་ད་ མ་དངུལ་ལོག་སྤྱོད་ནང་ འབྲེལ་བ་ཡོད་མི་ ཁག་འབགཔ་ལུ་ བཙོན་ཁྲིམས་ལོ་༢ བཀལ་མི་དེ་ ཁྲིམས་འཐུས་བཏབ་ཆོག་ནི་ཨིན་པས།

ཨིན་རུང་ ཆེ་མཐོ་ཁྲིམས་འདུན་གྱིས་ དགེ་ལེགས་ཕུག་གི་ ས་སྣུམ་བཀྲམ་སྤེལ་ལས་སྡེའི་ ལས་བྱེདཔ་༢ ཉེས་གྲོལ་འབད་ཡོདཔ་ཨིན་པས།

རྩོད་བཤེར་དེ་ སྤྱི་ལོ་༢༠༡༦ ལུ་ རྒཔོ་གིས་ སྤྱི་ལོ་༢༠༡༡ ལས་༢༠༡༢ བར་ན་ རྒེད་འོག་མཐུད་སྦྲེལ་ལམ་ བསལ་བའི་སྐབས་ མ་དངུལ་ལོག་སྤྱོད་འབད་བའི་ ཉོགས་བཤད་ལྷོད་པའི་ཤུལ་ལས་ ཞིབ་དཔྱད་འབད་ནི་ འགོ་བཙུགས་ཡོདཔ་ད་ རྒེད་འོག་དེ་ནང་ ད་ལྟོ་ཡང་ རྒཔོ་མེདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *