ཆུ་ཤོག་གི་ ཕྱགས་སྙིགས་ཚུ་གིས་ ཡུན་རིང་ཐུབ་པའི་ གྱིབ་ཀྱི་ཙོག་ཕུར་ཚུ།

ཆུ་ཤོག་གི་ ཕྱགས་སྙིགས་ཚུ་གིས་ ཡུན་རིང་ཐུབ་པའི་ གྱིབ་ཀྱི་ཙོག་ཕུར་ཚུ་ བཟོ་དོ་ཡོདཔ།

༉ ཐིམ་ཕུག་སྔ་སྦིས་ཕུག་ལུ་ ཕྱགས་སྙིགས་ཀྱི་རིགས་ ལྷམ་པ་མ་འདྲཝ་ཚུ་ སྤུངས་ཡོད་པའི་ནང་ལས་ ཆུ་ཤོག་གི་རིགས་ཚུ་ སོ་སོར་སྦེ་ ཕྱི་སེལ་རྐྱབ་དོ་ཡོདཔ་ད་ དེ་ཡང་ དུས་ཡུན་ཟླཝ་དག་པ་ཅིག་གི་ཧེ་མར་ གི་རི་ནར་ཝེ་ཟེར་མི་ སྒེར་གྱི་ལས་སྡེ་གིས་ ད་རེས་ནངས་པར་ བསྐྱར་བཟོ་འབད་ནི་བ་ལྷགཔ་སྦེ་ ཕྱགས་སྙིགས་སླར་བཟོའི་ལས་འགུལ་ཅིག་ གཞི་བཙུགས་འབད་ནི་དེ་གིས་ཨིན་པས།

ལས་འགུལ་དེ་གིས་ ཁྲོམ་གྱི་ས་ཁོངས་ནང་ གྱིབ་ཤོག་གི་གདོང་ལེན་ མར་ཕབ་འབད་ནིའི་ ཐབས་ཤེས་གསརཔ་བཟོ་ནིའི་དོན་ལུ་ གོ་སྐབས་འཚོལ་དོ་ཡོདཔ་ད་ གྱིབ་ཤོག་གི་རིགས་ཚུ་ སླར་བཟོའི་ཐབས་བྱུས་གསརཔ་གི་སྒོ་ལས་ མི་སྡེའི་དཔལ་འབྱོར་དང་ མཐའ་འཁོར་གནས་སྟངས་ཀྱི་གནད་དོན་ལུ་བརྟེན་ བཟོ་ཁང་གིས་ གྱིབ་ཤོག་གི་ ཙོག་ཕུར་ཚུ་ བཟོ་དོ་ཡོདཔ་ཨིན་པས།

གི་རི་ནར་ཝེ་གི་ཇོ་བདག་ ཀརྨ་ཡོན་ཏན་གྱིས་ སླབ་མིའི་ནང་ ཐིམ་ཕུག་ལུ་ གྱིབ་ཤོག་གི་ཕྱགས་སྙིགས་ཚུ་ ཡར་སེང་སོང་ནི་དེ་གིས་ ཕྱགས་སྙིགས་ཀྱི་རིགས་ཚུ་ དོན་དང་ལྡནམ་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ སེམས་ཤུགས་ཐོབ་ཅི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ གྱིབ་ཤོག་གི་ཕད་ཙེ་ཚུ་ བཀག་དམ་འབད་རུང་ མི་ཚུ་གིས་ གྱིབ་ཤོག་གི་རིགས་མ་འདྲཝ་ཚུ་ ལག་ལེན་འཐབ་ནི་དེ་གིས་ གྱིབ་ཤོག་གི་ཕྱགས་སྙིགས་ཚུ་ ཚད་འཛིན་འབད་ནི་དེ་ ལཱ་ཁག་ཡོདཔ་ལས་ ཤིང་གི་ཙོག་ཕུར་ཚབ་སྦེ་ གྱིབ་ཤོག་ལག་ལེན་འཐབ་སྟེ་ གྱིབ་ཀྱི་ཙོག་ཕུར་བཟོ་མི་དེ་ གློག་ཐག་རཝ་བསྒོར་ནིའི་དོན་ལུ་ ཙོག་ཕུར་སྦེ་ ལག་ལེན་འཐབ་བཏུབ་ལས་ ནགས་ཚལ་ལུ་ཡང་ གནོད་པ་ཉུང་སུ་འགྱོ་འོང་ཟེར་ ཨིན་པས།

ཁོ་གིས་འབད་བ་ཅིན་ ད་རེས་ནངས་པར་ གློག་ཐག་རཝ་ཚུ་ མཐར་འཁྱོལ་ཅན་སྦེ་ མ་འགྱོ་མི་དེ་ཡང་ ཤིང་གི་ཙོག་ཕུར་ཚུ་ རུལ་འགྱོ་ནི་དེ་གིས་ཨིནམ་ད་ གྱིབ་ཀྱི་ཙོག་ཕུར་ཚུ་གིས་ ལོ་༡༥ དེ་ཅིག་ ཐུབ་ཚུགས་པའི་ནུས་པ་ཡོད་ཟེར་ ཀརྨ་ཡོན་ཏན་གྱིས་ བཤདཔ་ཨིན་པས།

འཕྲལ་ཁམས་ཅིག་ཁར་ བཟོ་ཁང་གིས་ གཞུང་ལམ་བདའ་སྟེ་ འོད་ལོག་བྱིན་མི་ ཙོག་ཕུར་ཚུ་ཡང་ བཟོ་ཡོདཔ་ད་ ཙོག་ཕུར་གྱི་རྒྱ་ཚད་དང་འཁྲིལ་ ཙོག་ཕུར་༡ བཟོ་ནིའི་དོན་ལུ་ གྱིབ་ཤོག་ཀེ་ཇི་༣ དང་༡༢ གི་བར་ན་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།

གི་རི་ནར་ཝེ་གིས་ ཉེ་འདབས་ཀྱི་རྫོང་ཁག་ཚུ་ནང་ལས་ གྱིབ་ཤོག་ནང་འདྲེན་འབད་ནིའི་ འཆར་གཞི་རྩམ་དོ་ཡོདཔ་ད་ ཀརྨ་ཡོན་ཏན་གྱིས་ སླབ་མིའི་ནང་ འདས་པའི་ཉམས་མྱོང་ལུ་བརྟེན་ འཕྲུལ་ཆས་དེ་གིས་ གྱིབ་ཤོག་གི་རིགས་ཆ་མཉམ་ར་ ཆུད་ཟད་མ་བཏང་པར་ ལག་ལེན་འཐབ་ཚུགས་ཟེར་ཨིན་པས།

གི་རི་ནར་ཝེ་ལུ་ མ་འོངས་པ་ལུ་ གྱིབ་ཤོག་གི་ནང་ཆས་ཚུ་ བཟོ་ནིའི་འཆར་གཞི་ཡང་ཡོདཔ་ད་ ད་ལྟོ་ ལས་སྡེ་དེ་ནང་ ལཱ་འབད་མི་༧༦ ཡོདཔ་ཨིན་པས།

ན་ཧིང་ འཛམ་གླིང་སྤྱི་ཚོགས་མཐའ་འཁོར་གནས་སྟངས་ལས་རིམ་གྱིས་ སྤྱི་ལོ་༡༩༥༠ ལས་ ད་ལྟོ་ཚུན་ ཕྱགས་སྙིགས་བརྒྱ་ཆ་༩ རྐྱངམ་གཅིག་ ལག་ལེན་འཐབ་པའི་ གསལ་སྟོན་འབད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *