ཆུ་འཐོན་ནི་མེད་པའི་ ཆུ་དུང།

ཆུ་དུང་མེད་པའི་ཁར་ ཉམས་བཅོས་མ་འབད་མི་ལུ་བརྟེན་ ངག་དབང་འགྲམ་སྟོད་ཀྱི་མི་ཚུ་ ལཱ་ཁག་རྐྱབ་དོ་ཡོདཔ།

༉ བསམ་རྩེ་རྫོང་ཁག་ རྟ་ལྡིང་རྒེད་འོག་ནང་ཡོད་པའི་ ངག་དབང་འགྲམ་སྟོད་ཟེར་མི་ ལྷོཔ་གཡུས་ཚན་ནང་ ད་ལྟོ་ཡོད་པའི་ ཆུའི་མཐུན་རྐྱེན་དེ་ ཉམས་བཅོས་འབད་དགོ་པའི་དུས་ཚོད་ལུ་ ལྷོད་ཡོདཔ་བཞིན་དུ་ འཐུང་ཆུ་མ་ལང་པའི་དཀའ་ངལ་ སྦོམ་ར་ཡོདཔ་ཨིན་པས།
གཡུས་མི་མང་ཤོས་ཅིག་གི་ ཁྱིམ་གྱི་གདོང་ཁར་ ཆུའི་ཀ་ལི་ཚུ་ཡོད་རུང་ དོན་དག་མེདཔ་ད་ གཡུས་མི་ཚུ་གིས་ སླབ་མིའི་ནང་ གཡུས་ཁར་ ཆུ་ཉིནམ་༡ འོང་པ་ཅིན་ ཤུལ་མིའི་ཉིནམ་༢ དང་༣ གྱི་རིང་ ཆུ་མེད་པར་ལུསཔ་མས་ཟེར་ ཨིན་པས།
གཡུས་མི་ཅིག་ཨིན་མི་ སྐྱེས་ལོ་༧༣ ལང་མི་ བུ་ར་ ཨ་ཚུ་དོ་ཡ་གིས་ སླབ་མིའི་ནང་ ཁོང་གིས་ ཆུ་འཐུང་ནི་ལངམ་ཅིག་ བསགས་བཞག་དོ་ཡོདཔ་ལས་ ནོར་སེམས་ཅན་ཚུ་ལུ་ ཆུ་མེད་པར་ བཞག་དགོ་པས་ཟེར་ཨིན་པས།
གཡུས་ཁར་ ཆུ་རྐ་༢ ཡོད་ས་ལས་ མི་ཚུ་གིས་ ཆུ་རྐ་ཆུང་ཀུ་དེ་རྐྱངམ་གཅིག་ ལག་ལེན་འཐབ་དོ་ཡོདཔ་ད་ ཆུ་སྐམ་པའི་དུས་ཚོད་ལུ་ ཆུ་དུང་ཚུ་ ད་ལྟོ་ལག་ལེན་འཐབ་མི་ ཆུ་རྐ་ལས་ ས་ཐག་རིང་སར་ཡོད་མི་ ཆུ་རྐ་སྦོམ་དང་ སྦྲེལ་མཐུད་འབད་ཡོདཔ་ཨིན་པས།
ཁས་བླངས་ཐོག་ལས་ གཡུས་ཁའི་ཆུ་གཉེར་པའི་འགན་ཁུར་འབག་མི་ ནུབ་ཆེ་དོ་ཡ་གིས་ སླབ་མིའི་ནང་ ཆུ་དུང་ལངམ་སྦེ་མེདཔ་ལས་ ཆུ་དུང་ཐེབས་དགོཔ་མ་ཚད་ ཉམས་བཅོས་འབད་དགོཔ་འདུག་ཟེར་ ཨིན་པས།
ཁོ་གིས་ བཤད་མིའི་ནང་ ཁོ་ར་ ཆུ་རྐ་ཡོད་སར་ ལྟ་སྐོར་འབད་བའི་སྐབས་ དཀའ་ངལ་དེ་ ཆུ་རྐ་ནང་མེན་པར་ ཆུ་རྐ་ལས་ ཆུ་ལྷོད་ས་ཚུན་གྱི་བར་ན་ ཨིན་མས་ཟེར་ཨིན་པས།
ཆུ་གཉེརཔ་གིས་ བཤད་མིའི་ནང་ དཀའ་ངལ་དེ་ བསལ་ནིའི་དོན་ལུ་ ཆུ་དུང་ཐུང་ཀུ་ཚུ་ མཐུད་ཞིནམ་ལས་ ཉམས་བཅོས་འབད་དོ་ཟེར་ཨིནམ་ད་ ཁོ་གིས་ ཟླ་རིམ་བཞིན་དུ་ ཚར་༣ དང་༤ གི་བར་ན་ ལྟ་སྐོར་འབད་དོ་ཟེར་ཨིན་པས།
ནུབ་ཆེ་གིས་ བཤད་མིའི་ནང་ ཁྱིམ་གུང་པ་ལ་ལོ་ཅིག་གིས་ ཆུ་ལངམ་སྦེ་འཐོབ་ཚུགས་རུང་ ལ་ལོ་ཅིག་གིས་ མ་ཐོབ་མི་དེ་ཡང་ གཡུས་མི་ལ་ལུ་ཅིག་གིས་ ཆུ་རྐ་གུ་ ཆུ་དུང་སྦོམ་མང་ཤོས་ཅིག་ མཐུད་སྦྲེལ་འབད་མི་དེ་ དཀའ་ངལ་གཙོ་བོ་ཅིག་ཨིན་མི་དེ་ཡང་ ཆུ་འདྲ་མཉམ་སྦེ་ བཀྲམ་སྤེལ་འབད་དགོ་པ་ཅིན་ ཆུ་དུང་ཚུ་ འདྲན་འདྲ་དགོ་ཟེར་ཨིན་པས།
གཡུས་མི་ལ་ལོ་ཅིག་ སེམས་མ་དགའ་མི་དེ་ཡང་ རྒེད་འོག་གིས་ སྣང་དག་མེདཔ་སྦེ་ བཞག་ནི་དེ་གིས་ཨིནམ་ད་ ཁོང་གིས་ བཀོད་མིའི་ནང་ ཆུ་ལངམ་སྦེ་ཡོད་པ་ཅིན་ མི་ཚུ་གིས་ གནམ་དགུན་ཚོད་བསྲེ་འཛུགས་སྐྱོང་འབད་ནི་ལུ་ཡང་ སྤྲོ་བ་བསྐྱེད་འོང་ཟེར་ཨིན་པས།
གཡུས་ཁའི་ཚོགས་པ་ རྡོ་རྗེ་རྟ་མང་གིས་ སླབ་མིའི་ནང་ རྒེད་འོག་གིས་ འཐུང་ཆུའི་མཐུན་རྐྱེན་ ཉམས་བཅོས་ཀྱི་དོན་ལུ་ མ་དངུལ་ས་ཡ་༡.༥ བཞག་ཡོདཔ་ལས་ ཉམས་བཅོས་ཀྱི་ལཱ་ཚུ་ དུས་ཅི་ འགོ་བཙུགས་འོང་ཟེར་ ཨིན་པས།
ཁོ་གིས་ བཤད་མིའི་ནང་ དང་པ་ར་ བརྟག་ཞིབ་འབད་དགོཔ་བཞིན་དུ་ བརྟག་ཞིབ་ཀྱི་ལཱ་ཚུ་ ཟླཝ་༡ གི་ནང་འཁོད་ལུ་ མཇུག་བསྡུ་འོང་ཟེར་ཨིན་པས།
རྡོ་རྗེ་རྟ་མང་གིས་ སླབ་མིའི་ནང་ ད་ལྟོ་ཡོད་མི་ ཆུའི་མཐུན་རྐྱེན་དེ་ རྙིང་ཤོས་ཅིག་ཨིནམ་ལས་ ཉམས་བཅོས་འབད་རན་ཁར་ ལྷོད་དེ་ཡོད་ཟེར་ཨིན་པས།
ངག་དབང་འགྲམ་སྟོད་གཡུས་ཚན་ནང་ ཁྱིམ་གུང་པ་༡༠༥ དང་ མི་སེར་༥༥༠ དེ་ཅིག་ ཡོད་པའི་གནས་ཚུལ།

 

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *