བསམ་འཕེལ་གླིང་རྒེད་འོག་ལྟེ་བའི་ནང་ ཚོགས་རྒྱན་བཙུགས་ནིའི་དོན་ལུ་ གྱར་བཙར་སྡོད་མི་ཚུ།

ཆུ་ཁ་ལས་ སློབ་གྲྭའི་དབུ་འཛིན་བགྲེསཔ་ཅིག་གིས་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ རྒྱལ་ཁ་ཐོབ་ཡོདཔ།

༉ སྐྱེས་ལོ་༣༨ ལང་མི་ སློབ་གྲྭའི་དབུ་འཛིན་བགྲེསཔ་ སངས་རྒྱས་རྡོ་རྗེ་གིས་ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་འབད་བའི་སྐབས་ ཚོགས་རྒྱན་བཙུགས་མི་༡༥,༠༦༦ འོང་མི་ལས་ ཚོགས་རྒྱན་༥༠༧༩ ཐོབ་ཡོདཔ་ད་ དེ་ཡང་ ཆུ་ཁ་ལུ་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་ལས་ བརྒྱ་ཆ་༣༣ དེ་ཅིག་ཨིན་པས།

སྦོང་སྒོ་ དགེ་འདུ་གཡུས་ཚན་ལས་འབད་མི་ སངས་རྒྱས་རྡོ་རྗེ་གིས་ ཚོགས་རྒྱན་འཕྲུལ་ཆས་དང་ འགྲེམ་ཐོག་ཚོགས་རྒྱན་༢ ཆ་ར་ལས་ ཁོ་རའི་དོ་འགྲན་འབད་མི་༥ ཕམ་བཏང་ཡོདཔ་ད་ ཁོ་གིས་ འཕྲུལ་ཆས་ཚོགས་རྒྱན་༣,༩༡༦ དང་ འགྲེམ་ཐོག་ཚོགས་རྒྱན་༡,༡༦༣ ཐོབ་ཡོདཔ་ཨིན་པས།

ཕུན་ཚོགས་གླིང་རྒེད་འོག་ལས་ ཧེམ་ཀུ་མར་ག་ལེ་གིས་ ཚོགས་རྒྱན་༣,༥༣༤ ཐོབ་མི་དེ་ མཐོ་ཤོས་༢ པ་ཨིནམ་ད་ ཁོ་གིས་ འཕྲུལ་ཆས་ཚོགས་རྒྱན་༣,༡༦༦ དང་ འགྲེམ་ཐོག་ཚོགས་རྒྱན་༣༦༨ ཐོབ་ཡོདཔ་ཨིན་པས།

སྐྱབས་ཆ་ལས་ སྤྱི་ཚོགས་ཀྱི་འཐུས་མི་བགྲེསཔ་ པདྨ་བསྟན་འཛིན་གྱིས་ ཚོགས་རྒྱན་༡༥༨༦ ཐོབ་ཡོདཔ་ཨིན་པས།

ཆུ་ཁ་ལུ་ ཚོགས་རྒྱན་བཙུགས་པར་འོང་མི་ བརྒྱ་ཆ་༦༡ ཨིནམ་ད་ ཐོ་བཀོད་ཅན་གྱི་ཚོགས་རྒྱན་བཙུགས་མི་བསྡོམས་༢༤,༦༦༤ ལས་༡༥,༠༦༦ གིས་ ཚོགས་རྒྱན་བཙུགས་པར་ འོང་ཡོདཔ་ཨིན་པས།

པད་དཀར་ཞིང་ཚོགས་རྒྱན་ས་ཁོངས་ནང་ སྐྱེས་ལོ་༣༣ ལང་མི་ མུ་ན་ག་ལེ་གིས་ སླབ་མིའི་ནང་ མོ་གིས་ གདམ་ཁ་རྐྱབ་མི་ འདེམས་ངོ་དེ་ དྲག་ཤོས་ཅིག་ཨིན་རུང་ དུས་ཚོད་དང་བསྟུན་ཏེ་མ་གཏོགས་ ཤེས་མི་ཚུགས་ཟེར་ཨིན་པས།

ཆུ་ཁ་ལས་ འདེམས་ངོ་༦ ཡོདཔ་བཞིན་དུ་ བྱག་ཕྱོགས་རྒེད་འོག་གི་འདེམས་ངོ་ སྤྱི་ལོ་༢༠༠༨ ལས་༢༠༡༣ ཚུན་ རྒྱལ་ཡོངས་ཚོགས་སྡེ་ནང་ཕྱག་ཞུ་མི་ ཚེ་དབང་ལྷ་མོ་གིས་ འཕྲུལ་ཆས་ཚོགས་རྒྱན་༢,༠༡༨ དང་ འགྲེམ་ཐོག་ཚོགས་རྒྱན་༤༤༠ ཐོབ་ཡོདཔ་ཨིན་པས།

དགེ་གླིང་རྒེད་འོག་ལས་ ཀུན་ལེགས་རྡོ་རྗེ་གིས་ འཕྲུལ་ཆས་ཚོགས་རྒྱན་༡༥༡༦ དང་ འགྲེམ་ཐོག་ཚོགས་རྒྱན་༢༠༩ ཐོབ་ཡོདཔ་ད་ ལོག་ཅི་ནང་ལས་ དམ་ཆོས་རྒྱལ་མཚན་གྱིས་ འཕྲུལ་ཆས་ཚོགས་རྒྱན་༥༨༤ དང་ འགྲེམ་ཐོག་ཚོགས་རྒྱན་༡༠༠ཐོབ་ཡོདཔ་ཨིན་པས།

ཆུ་ཁ་རྫོང་ཁག་ནང་ ཚོགས་རྒྱན་ས་ཁོངས་༧༡ ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *