ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ རྒྱ་གར་གྱི་ ཞིབ་དཔྱད་ལས་སྡེ་ལྟེ་བའི་ འགོ་དཔོན་ཚུ།

ངན་ལྷད་ལུ་ གདོང་ལེན་འབད་ནིའི་ནང་ ཡུན་བརྟན་མཉམ་འབྲེལ་བཟོ་ནིའི་ཐབས་ལམ།

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ རྒྱ་གར་གྱི་ ཞིབ་དཔྱད་ལས་སྡེ་ལྟེ་བ་གཉིས་ཀྱི་བར་ན་ ཁྱད་རིག་གི་ མཐུན་ལམ་ལོག་བཙུགས་ནི་དང་ མ་འོངས་པར་ ངན་ལྷད་ལུ་ གདོང་ལེན་འབད་ནིའི་ནང་ ཡུན་བརྟན་མཉམ་འབྲེལ་བཟོ་ཐབས་ལུ་ རྒྱ་གར་ལས་ ཆེ་མཐོའི་གནས་རིམ་གྱི་ འཐུས་མི་༢ འབད་མི་ སྡེ་ཚན་ཅིག་ ཉིན་གྲངས་༤ གི་དོན་ལས་ རྒྱལ་ཁབ་ནང་ ལྷོད་ཡོདཔ་ཨིན་པས།

དེ་ཡང་ ཞིབ་དཔྱད་ལས་སྡེ་ལྟེ་བའི་མདོ་ཆེན་ ཨ་ལོག་ ཀེ་བར་མ་གིས་ འགོ་ཁྲིད་འབད་དེ་ རྒྱལ་ཁབ་ནང་ འོང་མི་དེ་ ཐེངས་༢ པ་ཨིནམ་ད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དེ་ གཞི་བཙུགས་འབད་ཞིནམ་ལས་ཚུར་ རྒྱ་གར་གྱི་ ཞིབ་དཔྱད་ལས་སྡེ་ལྟེ་བ་དང་ ག་ཟི་ཡ་བཱད་ལུ་ཡོད་མི་ ལྟེ་བ་དེ་གི་ སྤེལ་ཁང་ནང་ ལན་ཐེངས་མང་རབས་ཅིག་ ལྟ་སྐོར་འབད་ཡོདཔ་ཨིན་པས།

ལྷན་ཚོགས་ལས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ གཞི་བཙུགས་སྐབས་ ཞིབ་དཔྱད་འབད་ཐངས་ཀྱི་ ལྕོགས་གྲུབ་གོང་འཕེལ་ནང་ ལྷན་ཐབས་རྒྱ་ཆེཝ་སྦེ་འབད་མི་ ཞིབ་དཔྱད་ལས་སྡེ་ལྟེ་བ་དེ་ ལུང་ཕྱོགས་ནང་ ལས་སྡེ་གནད་འགག་ཅན་ཅིག་ཨིན་པས།

ཞིབ་དཔྱད་ལས་སྡེ་ལྟེ་བ་ལས་ འབྲུག་ལུ་ གཞུང་འབྲེལ་ལྟ་སྐོར་ལུ་ འོང་མི་དེ་ རྒྱ་འབྲུག་གི་ མཐུན་འབྲེལ་དང་ ཕྱི་འབྲེལ་དོན་གཅོད་པའི་ མཐུན་ལམ་གཞི་བཙུགས་འབད་དེ་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་གི་ གོ་སྐབས་ལེགས་ཤོམ་ཅིག་ཨིན་མས།

འཐུས་མི་སྡེ་ཚན་དེ་ རྒྱལ་ཁབ་ནང་ སྡོད་རིང་ལུ་ ངན་ལྷན་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་དང་ ཕན་ཚུན་འབྲེལ་བ་འཐབ་སྟེ་ ངན་ལྷད་བཀག་ཐབས་ལུ་ ཐབས་ལམ་དྲག་ཤོས་ཚུ་ ཉམས་མྱོང་བརྗེ་སོར་འབད་ནི་ཨིན་པས།

སྤྱི་ཟླ་༤ པའི་ཚེས་༢༠ ལུ་ ལོག་འགྱོ་ནི་ཨིན་མི་ རྒྱ་གར་གྱི་ སྡེ་ཚན་གྱིས་ བློན་ཆེན་དང་ ཁྲིམས་སྤྱི་བློན་པོ་༢ དང་ མཇལ་ཕྲད་ཞུ་ནི་གི་ ལས་འཆར་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *