ནཱན་འཛོམས་ཌོ་ཡའི་ ཨ་ལོ་ཚུ་ ཁྱིམ་ནང་རྒྱང་མཐོང་བལྟ་བའི་བསྒང་།

ངག་དབང་འགྲམ་སྟོད་ལུ་ རྒྱང་མཐོང་ཊི་བི་བལྟ་ནི་དེ་ གདམ་ཁ་ཅན་ཨིནམ།

༉ བསམ་རྩེ་ངག་དབང་འགྲམ་སྟོད་ལུ་ ཕྱི་རུའི་ཆུ་ཚོད་༦.༢༢ དེ་ཅིག་ཁར་ གཡུས་མི་ན་གཞོན་དང་ རྒས་ཤོས་ཚུ་ སྤང་ནང་འཛོམས་ནི་ འགོ་བཙུགསཔ་ད་ ནཱན་འཛོམས་ཌོ་ཡ་གི་ ཁྱིམ་ནང་ལས་ ཧེ་མ་གོ་མ་མྱོང་བའི་ སྐད་གོཝ་ད་ གཡུས་མི་ཚུ་ ག་ཅི་གི་ སྐད་ཅིག་ཨིན་ན་ཟེར་ ན་འཐན་ཉནམ་ཨིན་པས།
ཁྱིམ་གྱི་ནང་ན་ ནཱན་འཛོམས་ཌོ་ཡ་གི་བུ་ བསོད་ནམས་ཌོ་ཡ་དེ་ མོ་ཏུ་པཱཏ་ལུ་ཟེར་མི་ རྒྱ་གར་གྱི་འགུལ་བརྙན་བལྟ་བའི་སྐད་ཨིནམ་ད་ སྤང་ནང་གཟུགས་ཕྱེད་ཀ་སྒྱེན་མོ་སྦེ་ཡོད་མི་ ཨ་ལོ་ཚུ་ སྐད་དེ་གོཝ་ད་ ཁྱིམ་ནང་ན་ ནཱན་འཛོམས་ཀྱི་ ཨིན་ཅི་༡༦ འབད་མི་ ཨིན་ཊེགསི་རྒྱང་མཐོང་ནང་ ཐོན་མི་དེ་ བལྟ་བར་འགྱོཝ་ཨིན་པས།
མི་སྡེའི་ནང་ ཁྱིམ་གུང་༡༠༤ ཡོད་པའི་ཁར་ བསོད་ནམས་ཌོ་ཡ་དེ་ རྒྱང་མཐོང་བལྟ་ནི་ཡོདཔ་ལས་ དཔའ་ཉམས་ཀྱི་སྒོ་ལས་སྡོད་སར་ མཐོང་པའི་ཁར་ སྐྱེས་ལོ་༡༣ ལང་མི་གིས་ བཤད་མིའི་ནང་ འཕྲལ་འཕྲལ་སྐབས་ སློབ་གྲྭ་ནང་ ཁོ་གིས་ ཊི་བི་བལྟ་ནི་ཡོད་མི་ཚུའི་སྐོར་ལས་ ཆ་རོགས་ཚུ་ལུ་ གཏམ་བཤད་ནི་ཡོད་ཟེར་ཨིན་པས།
ས་ཁོངས་ལ་ལོ་ནང་ རྒྱང་མཐོང་བལྟ་ནི་གི་ དང་འདོད་དེ་ཅིག་ མི་བསྐྱེད་དོ་ཡོདཔ་ཨིན་རུང་ ངག་དབང་འགྲམ་སྟོད་ལུ་ མི་ཚུ་གི་དོན་ལུ་ སྤྲོ་འཕེལ་གྱི་ ལས་ཅིག་ཨིན་པས།
དངུལ་ཐོག་ཨ་ལཱན་ཅི་ཚུ་ སྐམ་མི་ལུ་བརྟེན་ གེ་ཟ་དང་ འབྱ་ལ་སོགས་པ་གིས་ འོང་འབབ་དེ་ཅིག་ བཟོ་མི་ཚུགས་དོ་ཡོདཔ་ལས་ མང་ཤོས་ཀྱིས་ ཊི་བི་ཉོ་མ་ཚུགས་པར་ཡོད་རུང་ བལྟ་སྡོད་ནིའི་ དུས་ཚོད་དེ་ཅིག་ མི་ཐོབ་པས་ཟེར་ བཟོ་རིགཔ་དབང་འདུས་ཌོ་ཡ་གིས་ བཤདཔ་ཨིན་པས།
ཁོ་གིས་ ཁོ་ར་ ཕུན་ཚོགས་གླིང་ལུ་ སྡོད་པའི་སྐབས་ བལྟ་ནི་ཡོདཔ་ལས་ རྒྱང་མཐོང་ཊི་བི་ཅིག་ ཉོ་ཚུགས་པ་ཅིན་ སེམས་དགའ་ནི་མས་ཟེར་ཨིན་རུང་ དགོཔ་ཅིག་ཡང་ མིན་འདུག་ཟེར་སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ སོ་ནམ་པ་ཚུ་ ཞིང་ནང་ལས་ཕར་ ལཱ་འབད་སྡོད་དགོཔ་ལས་ ཊི་བི་བལྟ་སྡོད་ནིའི་ དུས་ཚོད་ཡང་མིན་འདུག་ཟེར་ཨིནམ་ད་ ལྷོཔ་རིན་ཆེན་རྡོ་རྗེ་གིས་འབད་བ་ཅིན་ སློབ་གྲྭ་ནང་ ཨ་ལོ་འགྱོ་མི་ཡོདཔ་ལས་ ཊི་བི་ཉོ་བ་ཅིན་ ཨ་ལོ་ཚུ་གིས་ དེ་ལུ་ སྤྲོ་བ་ལེན་སྡོད་ནིའི་ ཚ་གྱང་ཡོད་ཟེར་ཨིན་པས།
འགྲམ་སྟོད་ལུ་ ད་རེས་ནངས་པར་ ཐིམ་ཕུག་དང་ ཁྲོམ་སྡེ་གཞན་ཚུ་ནང་ སྤྱི་ལོ་༢༠༠༠ དེ་ཅིག་ཁར་ རྒྱང་མཐོང་འགོ་དང་པ་ བཙུགས་པའི་སྐབས་ཀྱི་ གནས་སྟངས་ནང་ ལྷོད་དེ་ཡོདཔ་ད་ སྐྱེས་ལོ་༢༩ ལང་མི་ ཚོང་པ་བསོད་ནམས་ཀྱིས་འབད་བ་ཅིན་ ཊི་བི་དེ་ ཡོད་པ་ཅིན་ ཤེས་ཡོན་ཅན་གྱི་ གནད་དོན་ཚུ་ ཉན་ཚུགསཔ་མ་ཚད་ མི་སྡེའི་ནང་ ཕན་རླབས་ཆེ་བའི་ ཁེ་ཕན་ཡང་ བྱུང་ཚུགས་པས་ཟེར་ཨིན་པས།
ང་བཅས་ཀྱིས་ གཡུས་ཀྱི་ཕྱི་ཁར་ ག་ཅི་འབདཝ་ཨིན་ན་ མི་ཤེས་ནི་དེ་གིས་ རྒྱང་མཐོང་ཐོག་ལས་ ཤེས་ཚུགསཔ་ཨིན་རུང་ ག་ར་གིས་ ཉོ་མི་ཚུགས་དོ་འོང་ཟེར་ བསོད་ནམས་ཀྱིས་ བཤདཔ་ཨིན་པས།
ཌིཤ་ཊི་བི་ཆ་ཚང་ཅིག་ལུ་ དངུལ་ཀྲམ་༣,༥༠༠ རེ་དང་ ལྟ་རྟོག་འབད་མི་ འཕྲུལ་ཆས་ཅིག་ལུ་ དངུལ་ཀྲམ་༥,༠༠༠ རེ་ གནས་དོ་ཡོད་པའི་ཁར་ སྦོམ་ཆུང་དང་འཁྲིལ་ གོང་ཚད་ཡང་ ཁྱད་པར་ཡོདཔ་ཨིན་པས།
དེ་གིས་མ་ཚད་པར་ ཟླ་རིམ་བཞིན་དུ་ སྤྲོ་འཐུས་དངུལ་ཀྲམ་༣༥༠ རེ་ ལས་རིམ་གྱི་ གྱངས་ཁ་དང་འཁྲིལ་ བཏབ་དགོ་དོ་ཡོདཔ་ད་ བསོད་ནམས་ཀྱིས་ཡང་ ཌིཤ་ཊི་བི་ཆ་ཚང་ཅིག་ ཉོ་ཡོདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ མི་ཚུ་གིས་ ཊི་བི་སུ་ ཉོ་མི་ཐོན་པ་ཅིན་ ཐག་རྒྱུད་རྒྱང་མཐོང་བཀྲམ་སྤེལ་འབད་མི་ཚུ་གིས་ དང་འདོད་བསྐྱེད་ནིའི་ འོས་འབབ་འདུག་ཟེར་ཨིན་པས།
ཆོསཔ་ཚེ་རིང་གིས་ཡང་ རྒྱང་མཐོང་ཅིག་ ཉོ་སྟེ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཊི་བི་དེ་ དགོཔ་ཅིག་མིན་འདུག་ཟེར་ཨིན་པས།
ཌོ་ཡཔ་ཚུ་གིས་ རྒྱང་མཐོང་ཊི་བི་ལས་ འབྲུག་རྒྱང་བསྒྲགས་ཀྱི་ ལས་རིམ་དང་ རྫོང་ཁའི་ལས་རིམ་ཚུ་ལུ་ སྤྲོ་བ་མངམ་བསྐྱེད་དོ་ཡོདཔ་ཨིན་པས།
སློབ་རིམ་༥ པའི་ནང་ལྷབ་མི་ སྐྱེས་ལོ་༡༣ ལང་མི་ རིག་འཛིན་རྒྱ་མཚོ་གིས་ སླབ་མིའི་ནང་ ཁོ་གིས་ ཕུན་ཚོགས་གླིང་ལུ་སྡོད་མི་ ཨ་ཞེམོ་གི་ཁྱིམ་ནང་འགྱོ་བའི་སྐབས་ ཚར་གཅིག་ ཊི་བི་བལྟ་ནིའི་ གོ་སྐབས་ཐོབ་ཅི་ཟེར་ཨིན་པས།
འཕྲལ་འཕྲལ་སྐབས་ འགྲུལ་འཕྲིན་ནང་ གློག་བརྙན་ཐུང་ཀུ་ཚུ་ བལྟ་ནི་ཡོད་རུང་ དེ་ཅིག་ སྤྲོ་བ་མི་འོངམ་མས་ཟེར་ ཁོ་གིས་ བཤདཔ་ཨིན་པས།
དེ་ཅིག་གི་བར་ན་ ནཱན་འཛོམས་ཀྱི་ཁྱིམ་ནང་ ཨ་ལོ་གསུམ་གྱིས་ ཧིན་དིའི་གློག་བརྙན་ བལྟ་དོ་ཡོདཔ་ད་ བསོད་ནམས་ཀྱིས་ སླབ་མིའི་ནང་ སེམས་ཅན་དང་ རང་བཞིན་གནས་སྟངས་དང་འབྲེལ་བའི་ ལས་རིམ་ཡོད་པ་ཅིན་ བལྟ་ནི་ཡོད་རུང་ གཞན་དེ་ཅིག་ བལྟ་ནི་མེད་ཟེར་ཨིན་པས།
བསོད་ནམས་ལྷམོ་དང་ མོ་གི་ཕོ་རྒནམ་ སེངྒེ་རྡོ་རྗེ་གིས་ ལོ་གཉིས་ཀྱི་ཧེ་མར་ དངུལ་ཀྲམ་༧,༠༠༠ གནས་པའི་ ཊི་བི་ཉོ་ཡོདཔ་ད་ ཨ་ལོ་ཚུ་གིས་ དངུལ་ཐོག་ཨ་ལཱན་ཅི་བཙོང་མི་ལས་ཐོབ་མི་ ཏི་རུ་གིས་ ཉོ་ཡོདཔ་ལས་ དེ་ལུ་ ཕམ་ཚུ་ལས་ ཉོགས་བཤད་ག་ནི་ཡང་མེད་ཟེར་ སླབ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *