གློག་ཤུགས་ཀྱིས་ ཆུ་མིག་ཐང་གི་ སློབ་ཕྲུག་ཅིག་འཚིགས་ཡོདཔ།

༉ སྐྱེས་ལོ་༡༤ ལང་མི་ ཆུ་མིག་ཐང་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་ཅིག་ གློག་མེ་གིས་ ཤུགས་འབད་ར་ འཚིགས་པའི་ཤུལ་ལས་ ད་ལྟོ་ ཕུན་ཚོགས་གླིང་སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཡོདཔ་ཨིན་པས།

རྐྱེན་ངན་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༥ ལུ་ དཔག་བསམ་ཁ་ བའུ་ནི་ཇོ་ར་ལུ་ བྱུང་ཡོདཔ་ད་ སློབ་ཕྲུག་དེ་ གནས་སྟངས་ ལེགས་ལྡན་ཐོག་ ཡོདཔ་ཨིན་པས།

རྐྱེན་ངན་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༥ ལུ་ ཉམས་རྒུདཔ་དང་ སྐྱེས་ལོ་༡༤ ལང་མི་  སློབ་གྲྭ་དེ་ནང་གི་ ཁོ་གི་ ཆ་ རོགས་དེ་ སློབ་གྲྭ་ལས་ཁྱིམ་ནང་ ལོག་འོང་པའི་སྐབས་ བྱུང་ཡོདཔ་ད་ ཉམས་རྒུད་པའི་ཆ་རོགས་ལུ་ རྨ་སྐྱོན་ག་ནི་ཡང་ མ་ བྱུངམ་ཨིན་པས།

ཁོང་གཉིས་ བའུ་ནི་ཇོ་ར་ལམ་བདའ་སྟེ་ རོང་ཆུའི་དཀའ་ངལ་ཡོདཔ་ལས་ ས་ཁོངས་དེ་ནང་ལས་ འགྱོ་བའི་སྐབས་ ཤུགས་ཚད་ཀེ་བི་༡༡ འབད་མི་ གློག་ཐག་ལས་ གློག་ཤུགས་རེག་ཡོདཔ་ད་ དེ་ཡང་ གཟུགས་རིངམོ་ཡོད་མི་གི་ རྐང་ཚིག་དང་ ལག་ཚིག་འཚིགས་ཡོདཔ་ཨིན་པས།

གནས་ཚུལ་བཤད་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་  ཤུགས་ཚད་ཀེ་བི་༡༡ འབད་མི་ གློག་ཐག་དང་ སའི་བར་ན་གི་ རིང་ཚད་དེ་ གནས་ཚད་དང་མ་ལྡནམ་སྦེ་ཡོད་པའི་ཁར་ གློག་ཐག་དེ་ ས་ཁར་རེག་སག་ས་སྦེ་འདུག་ཟེར་ཨིན་པས།

ཧེ་མ་འབད་བ་ཅིན་ གློག་ཐག་དང་སའི་བར་ན་ རིང་ཚད་མི་ཊར་༦ ལྷགཔ་ཅིག་ཡོདཔ་ཨིན་རུང་ ཆརཔ་རྐྱབ་མི་དང་ ཆུ་རུད་ ཐོན་ཏེ་ བའུ་ནི་ཇོ་ར་རོང་ཆུ་གང་ཡོདཔ་ལས་ གློག་ཐག་དང་ སའི་བར་ན་ མི་ཊར་༡.༨ དེ་ཅིག་ལས་ མེདཔ་ཨིན་པས།

ཁྲིམས་སྲུང་འགག་སྡེའི་ གནས་ཚུ་འབྱུང་ཁུངས་དང་འཁྲིལཝ་ད་ གློག་ཐག་གི་རྩ་བར་ མི་ཊར་༠.༧ ནང་འགྱོ་བ་ཅིན་ གློག་ཤུགས་རེག་འོང་ཟེར་ཨིན་པས།

ས་ཁོངས་ནང་ ཆ་རུད་ཐོན་ཏེ་ སའི་མཐོ་ཚད་ཡར་སེང་སོང་སྟེ་འབད་རུང་ བྱུང་རྐྱེན་དེ་ འབྲུག་གློག་མེ་ལས་འཛིན་གྱིས་ འཐུས་ཤོར་བའི་རྟགས་མཚན་འདུག་ཟེར་ སླབ་ཨིན་པས།

དཔག་བསམ་ཁ་ འབྲུག་གློག་མེ་ལས་འཛིན་གྱི་ འཕྲུལ་རིགཔ་༢ དང་ འཛིན་སྐྱོང་འགོ་དཔོན་༡ རྒྱབ་མི་བཙུགས་ཏེ་ འགྱོ་བཅུག་ཡོད་རུང་ ཁྲིམས་སྲུང་འགག་སྡེ་གིས་ གནད་དོན་དེ་ ཁྲིམས་འདུན་ལུ་ རྩོད་བཤེར་བཙུགས་ནི་ཨིན་པས།

འབྲུག་གློག་མེ་ལས་འཛིན་གྱིས་ ག་ཅི་སླབ་ཨིན་ན?

ཕུན་ཚོགས་གླིང་གི་ ལུང་ཕྱོགས་འཛིན་སྐྱོང་པ་ ཆོས་རྒྱལ་དབང་འདུས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ལས་འཛིན་གྱིས་ གློག་ཐག་དང་ སའི་བར་ན་ རིང་ཚད་ས་སྟོང་བཞག་དགོ་མི་དེ་ བཞག་སྟེ་ར་ཡོད་ཟེར་ཨིན་པས།

ཨིན་རུང་ འཕྲལ་ཁམས་ཅིག་ཁར་ ཆརཔ་མ་ཆད་པར་ རྐྱབ་མི་ལུ་བརྟེན་ འདམ་དང་རག་རོ་ཚུ་གིས་གང་སྟེ་ རྐྱེན་ངན་ བྱུང་སའི་ གློག་ཐག་དང་ སའི་བར་ནའི་ རིང་ཚད་དེ་ བསྟུམས་ཡར་སོ་ནུག་ཟེར་ཨིན་པས།

ལས་འཛིན་དང་འཁྲིལཝ་ད་ རྐྱེན་ངན་མ་བྱུང་པའི་ ཉིནམ་ཅིག་གི་ཧེ་མར་ ཉེན་སྲུང་གི་ཐབས་ལམ་སྦེ་ ཉེན་སྲུང་འཛིན་སྐྱོང་ ཁག་འབགཔ་དང་ རིག་གསར་བཟོ་སྐྲུན་ལས་སྡེ་གིས་ དཔག་བསམ་ཁ་ལུ་ཡོད་མི་ ལས་འཛིན་གྱི་ ལས་བྱེདཔ་གིས་ ལྟ་རྟོག་ འོག་ལུ་ ཚད་གཞི་དང་འཁྲིལ་ ས་དང་གློག་ཐག་བར་ནའི་ གནས་ཚད་བཟོ་སྟེ་ བསལ་ཡོད་ཟེར་ཨིན་པས།

ཆོས་རྒྱལ་དབང་འདུས་ཀྱིས་ སླབ་མིའི་ནང་ དཔག་བསམ་ཁ་ལུ་ཡོད་མི་ ལས་འཛིན་གྱི་ ལས་བྱེདཔ་ད་ རིག་ གསར་བཟོ་སྐྲུན་ལས་སྡེའི་ ས་ཁོངས་ལྟ་རྟོག་པ་གིས་ ས་ཁོངས་དེ་ནང་སྡོད་མི་ མི་མང་ལུ་ གློག་ཐག་དང་འབྲེལ་བའི་ ཉེན་ ཁ་སྦོམ་ཡོད་པའི་སྐོར་ལས་ གོ་བརྡ་ཡང་སྤྲོད་ཡོད་ཟེར་ཨིན་པས།

རྐྱེན་ངན་དེ་ གློག་ཐག་གི་ མེ་ཤུགས་ལུ་བརྟེན་ བྱུང་ཡོདཔ་ད་ ས་ཁོངས་ནང་ ལྟ་རྟོག་འབད་བའི་སྐབས་ བྱེམ་དང་རག་རོ་ ཚུ་གིས་ གང་ནི་དེ་གིས་ བྱུང་ཡོད་རུང་ དུས་ཡུན་ཐུང་ཀུ་ཅིག་ནང་ གང་ནིའི་ཚོད་དཔག་མ་འབད་ཟེར་ཨིན་པས།

ཉིནམ་དེ་ནང་ར་ ལས་འཛིན་གྱིས་ ཉེན་སྲུང་དོན་ལུ་ ས་ཁོངས་དེ་ནང་ བྱེམ་དང་རག་རོ་ཚུ་ བཀོག་བཏང་སྟེ་ ཚད་ལྡན་གྱི་ གནས་ཚད་བཟོ་ཡོདཔ་ད་ ས་ཁོངས་དེ་ བསྐོར་ར་རྐྱབ་སྟེ་ བཞག་ཡོདཔ་ཨིན་པས།

སྤྱི་ཟླ་༦ པའི་ཚེས་༢༦ ལུ་ ད་རུང་ ཉེན་སྲུང་གི་ཐབས་ལམ་ཁ་སྐོང་ བཏོན་ཡོདཔ་ད་ ཆོས་རྒྱལ་དབང་འདུས་ཀྱིས་ ཉམས་རྒུདཔ་དང་ བཟའ་ཚང་དང་གཅིག་ཁར་ འབྲེལ་བ་འཐབ་སྟེ་ར་ཡོད་ཟེར་ བཤད་པའི་ཁར་ སློབ་ཕྲུག་བལྟ་མི་ ཌོག་ཊར་དང་གཅིག་ཁར་ཡང་ འབྲེལ་བ་འཐབ་སྟེ་ར་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཕྱི་རྒྱལ་མདའ་གཞུའི་ མདའ་རྩེད་བཀག་ཆ་འབད་མི་གིས་ ཟ་ཁང་ལུ་ ཐོ་ཕོག་ཡོདཔ།

༉ ཐིམ་ཕུག་ལྕང་གླིང་མི་ཐང་གི་ འབའ་སྐྱོར་ཐང་ནང་ ཨ་རྟག་བཟུམ་སྦེ་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་ནི་ བཀག་ཆ་འབད་བའི་ཤུལ་ལས་ ས་ཁོངས་ནང་ བཟའ་འཐུང་གི་རིགས་བཙོང་སྡོད་མི་ གནས་སྦྲེལ་ཟ་ཁང་གི་ ཇོ་བདག་ལུ་ གནོད་སྐྱོན་སྦོམ་རྐྱབ་སྟེ་ཡོདཔ་ཨིན་པས། དེ་ཡང་ དུས་ཅི་ སྤྱི་ཟླ་༡ …

Leave a Reply

Your email address will not be published. Required fields are marked *