གླངམོ་ཆེ་ཚུ་གིས་ གནོད་སྐྱོན་རྐྱབ་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༢༩ གི་ནུབ་མོ་ གླངམོ་ཆེ་ཁྱུ་ཅིག་གིས་ དགེ་ལེགས་ཕུག་ཁྲོམ་སྡེའི་ བསམ་གྲུབ་གླིང་འདེམས་ཁོངས་ནང་ མཛོད་ཁང་ཅིག་ལུ་ གནོད་སྐྱོན་རྐྱབ་ཡོདཔ་མ་ཚད་ ཆུམ་དོས་༢ ཟ་ཡོདཔ་ཨིན་པས།

ནགས་ཚལ་འགོ་དཔོན་དང་ ཉེ་འདབས་ལུ་སྡོད་མི་ཚུ་གིས་ མཉམ་རུབ་ཐོག་ལས་ གླངམོ་ཆེ་ཚུ་ བདའ་བཏང་ཚུགས་ནི་དེ་གིས་ མི་ལུ་གནོད་སྐྱོན་ཚུ་ ག་ནི་ཡང་ མ་བྱུངམ་བཞིན་དུ་ འདས་པའི་ཟླཝ་༢ ནང་ གླངམོ་ཆེ་ཚུ་གིས་ གནོད་སྐྱོན་རྐྱབ་མི་དེ་ ཐེངས་༣ པ་ཨིན་པའི་གནས་ཚུལ།

རྩྭ་མང་རྒེད་འོག་ལྟེ་བ་ མཐུད་སྦྲེལ་མེདཔ་བཟོ་ཡོདཔ།

༉ འདས་པའི་ཉིནམ་དག་པ་ཅིག་གི་ཧེ་མར་ མོང་སྒར་ལུ་ ཆརཔ་ཤུགས་སྦེ་རྐྱབ་མི་དེ་གིས་ ས་རུད་དང་ ཆུ་རུད་ཐོན་མི་ལུ་བརྟེན་ རྩྭ་མང་རྒེད་འོག་ལྟེ་བའི་ འཁོར་ལམ་བདའ་སྟེ་ ལམ་ཁག་ལེ་ཤ་ཅིག་ར་ བསུབས་ཡོདཔ་ལས་ རྒེད་འོག་དེ་ མཐུད་སྦྲེལ་མེདཔ་བཟོ་ཡོདཔ་ཨིན་པས།

རྒེད་འོག་བདག་སྐྱོང་གིས་ ས་བརྐོ་འཕྲུལ་ཆས་ཚུ་བཙུགས་ཏེ་ ལམ་སེལ་གྱི་ལཱ་ཚུ་ འགོ་འདྲེན་འཐབ་སྟེ་འབད་རུང་ ས་རུད་མ་ཆད་པར་འོང་མི་ལུ་བརྟེན་ ད་ལྟོ་ ལཱ་མཇུག་བསྡུ་མ་ཚུགས་པར་ ཡོད་པའི་གནས་ཚུལ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *