གྱོན་ཆས་ཚོང་པ་ཚུ་ བཟོ་གྲྭ་ཞབས་ཏོག་ལྟེ་བའི་ས་ཁོངས་ནང་ སྤོ་བཤུད་འབད་ཡོདཔ།

༉ དགེ་ལེགས་ཕུག་ཁྲོམ་སྡེ་གིས་ ཚོད་བསྲེ་ཁྲོམ་གྱི་ཉེ་འདབས་ལུ་ གྱོན་ཆས་བཙོང་མི་ ཨམ་སྲུ་ཚོང་པ་སྡེ་ཚན་དེ་ གནས་སྐབས་ཅིག་གི་དོན་ལུ་ བཟོ་གྲྭ་འཕྲུལ་ཁང་ཞབས་ཏོག་ལྟེ་བའི་ ས་ཁོངས་ནང་ སྤོ་བཤུད་འབད་བཅུག་ཡོདཔ་ཨིན་པས།

དེ་ཡང་ བདུན་ཕྲག་འདི་ནང་ སྤོ་བཤུད་འབད་ཡོདཔ་བཞིན་དུ་ ཁྲོམ་སྡེ་གིས་ མཉམ་བསྡོམས་ཚོད་བསྲེ་ཁྲོམ་ རྐྱབ་མ་ཚར་ཚུན་ ས་ཁོངས་དེ་ནང་ འཕྲོ་མཐུད་ཚོང་འབྲེལ་འཐབ་ནི་དང་ ཨམ་སྲུ་ཚོང་པ་ཚུ་གིས་རྐྱབ་མི་ གནས་སྐབས་ཀྱི་བཟོ་བཀོད་ཚུ་ཡང་ རེས་གཟའ་མིག་དམར་ལུ་ བཤིག་བཏང་ཡོདཔ་ཨིན་པས།

ཁྲོམ་སྡེ་གིས་ ཨམ་སྲུ་ཚོང་པ་ཚུ་ལུ་ མཐུན་རྐྱེན་ཚུ་ གཞི་བཙུགས་འབད་ནི་ལུ་ ཆ་རོགས་འབད་ནི་ཨིན་རུང་ གནས་སྐབས་ཀྱི་བཟོ་བཀོད་ཚུ་ ཁོང་རང་གིས་ རྐྱབ་དགོཔ་ཨིན་པས།

མཉམ་བསྡོམས་ཚོད་བསྲེ་ཁྲོམ་གསརཔ་དེ་ བསྒྲུབ་པའི་བསྒང་ལས་ ཨམ་སྲུ་ཚོང་པ་ཚུ་ལུ་ གཏན་འཇགས་ཀྱི་ ས་ཁོངས་ཚུ་ སྤྲོད་ནི་ཨིན་པས།

ཁྲོམ་དཔོན་ཊི་ཀ་རམ་ ཀཱཕི་ལེ་གིས་ སླབ་མིའི་ནང་ ད་རེས་ ཚོང་པ་ཆ་ཁྱབ་ སྤོ་བཤུད་འབད་བཅུག་དགོ་མི་དེ་ཡང་ གཙོ་བོ་ར་ ཧེ་མའི་ས་ཁོངས་དེ་ནང་ མཉམ་བསྡོམས་ཚོད་བསྲེ་ཁྲོམ་ རྐྱབ་ནི་ཨིན་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ བཟོ་སྐྲུན་གྱི་ལཱ་དེ་ ཁག་འབགཔ་ལུ་ཡང་ སྤྲོད་ཚར་ཡོདཔ་ལས་ མགྱོགས་པ་ར་ འགོ་བཙུགས་འོང་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ བཟོ་སྐྲུན་གྱི་ ལས་འགུལ་མཇུག་བསྡུ་བའི་བསྒང་ལས་ ཚོང་པ་ཚུ་ལུ་ མཉམ་བསྡོམས་ཚོད་བསྲེ་ཁྲོམ་གྱི་ ཉེ་འདབས་ལུ་ མཐུན་རྐྱེན་ག་ར་ཚང་བའི་ ས་གོ་ཅིག་ སྤྲོད་འོང་ཟེར་ཨིན་པས།

དེ་བསྒང་ལས་ ཚོང་པ་ཚུ་གིས་ འཐུས་དུམ་གྲ་རེ་ཡང་ སྤྲོད་དགོ་ནི་ཨིན་རུང་ ས་ཁོངས་དེ་ ལེགས་ཤོམ་སྡོད་འོང་ཟེར་ཨིན་པས།

ཚོང་པ་ཆོས་ཉིད་བཟང་མོ་གིས་ སླབ་མིའི་ནང་ ད་རེས་ གནས་སྐབས་ཀྱི་ ས་ཁོངས་ཐོབ་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིནམ་ད་ ད་རུང་ ཤུལ་ལས་ མཉམ་བསྡོམས་ཚོད་བསྲེ་ཁྲོམ་ བཟོ་སྐྲུན་འབད་ཚར་བའི་སྐབས་ ས་ཁོངས་བྱིན་ནི་ཟེར་མི་དེ་ཡང་ གནས་ཚུལ་ལེགས་ཤོམ་ཅིག་ ཨིན་མས་ཟེར་ཨིན་པས།

ད་ལྟོའི་ གནས་སྐབས་ས་ཁོངས་དེ་ གཞུང་ལམ་གྱི་ཉེ་འདབས་ བཟོ་གྲྭ་འཕྲུལ་ཁང་ཞབས་ཏོག་ལྟེ་བའི་ སྦོ་ལོགས་ཁར་ཨིནམ་ད་ བསྟན་སྲུང་ཕན་བདེ་ལས་འགུལ་དང་ འབྲུག་ས་སྣུམ་བཀྲམ་སྤེལ་ས་ཁོངས་ཀྱི་ ཉེ་འདབས་ལུ་ཨིན་པས།

ཚོང་པ་གཞན་ བུ་དྷི་མ་ཡ་གིས་འབད་བ་ཅིན་ ད་རེས་ གནས་སྐབས་ཀྱི་ ས་ཁོངས་ཐོབ་མི་ལུ་བརྟེན་ ཁང་གླ་སྤྲོད་ཚུགསཔ་ཅིག་ འོང་ནི་མས་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉི་མ་དབང་འདུས།

About admin

Check Also

དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་མཚམས་འཇོག།

༉ འབྲུག་གོང་འཕེལ་དངུལ་ཁང་དང་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ དེ་ལས་ རྒྱལ་ཡོངས་སི་ཨེསི་ཨའི་གོང་འཕེལ་དངུལ་ཁང་ནང་ སྐྱིན་ཚབ་བཏབ་མ་ཚུགས་མི་ མཐོ་དྲགས་ཡོད་མི་ལུ་བརྟེན་ དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་འཛིན་གྲོལ་འབད་ནི་ མཚམས་འཇོག་འབད་ནུག། དེ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ བཀའ་རྒྱ་དང་འཁྲིལ་ཏེ་ཨིནམ་ད་ …

Leave a Reply

Your email address will not be published. Required fields are marked *