གྱི་གསོབ་མི་ དོགས་ཅན་ཕོ་སྐྱེས་ཅིག་ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ ཐིམ་ཕུག་བར་སྦིས་ས་ལུ་ སྐྱེས་ལོ་༣༦ ལང་མི་ ཕོ་སྐྱེས་ཅིག་ ཤི་ཡོདཔ་མཐོང་མི་དེ་ཡང་ ཚེ་འདས་ཀྱི་བྱང་ཁོག་ལུ་ གྱི་གསོབ་བྱིན་མི་ལུ་བརྟེན་ཨིནམ་ད་ ནམ་ཤི་རྐྱེན་བྱུང་ཡོདཔ་ཨིན་ནའི་ དུས་ཚོད་མ་ཤེས་པའི་ཁར་ ཚེ་འདས་ལུ་གསོབ་མི་ མཚོན་ཆ་དེ་ཡང་ འཐོབ་མ་ཚུགསཔ་ཨིན་པས།

བསམ་རྩེ་ལས་ཨིན་མི་ ཚེ་འདས་ཕོ་སྐྱེས་དེ་ བར་སྦིས་ས་ལུ་ སྒེར་སྡེ་ཅིག་གི་འོག་ལུ་ ལཱ་འབད་སྡོད་དོ་ཡོདཔ་ཨིན་པས།

ཁ་ཙ་དྲོ་པ་ ལཱ་འབད་བར་འོང་ནི་མེདཔ་ལས་ འགོ་དཔོན་དེ་གིས་ ཚེ་འདས་ཀྱི་ ཆ་རོགས་ཅིག་ ཁྱིམ་ནང་བལྟ་བར་བཏང་ཡོདཔ་བཞིན་དུ་ ཁོ་གིས་ སླབ་མིའི་ནང་ དྲོ་པའི་ཆུ་ཚོད་༩.༤༥ དེ་ཅིག་ལུ་ ཁྱིམ་ནང་ལྷོད་དེ་ ལྟ་བའི་སྐབས་ སྒོ་མ་བསྡམ་པར་འདུག་ཟེར་ ཨིན་པས།

ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཚེ་འདས་ཕོ་སྐྱེས་དེ་ གཉིད་ཐལ་སོཔ་བཟུམ་སྦེ་ཡོདཔ་ལས་ ག་དེམ་ཅིག་ མིང་བཏོན་འབོ་རུང་ ལན་སླབ་ནི་མིན་འདུག་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཁོ་རང་ མ་ལྷོད་པའི་ཧེ་མ་ལས་ར་ གྱོངས་སོཔ་འོང་ནི་མས་ཟེར་ ཨིན་པས།

མ་གཞི་ ཚེ་འདས་ཀྱི་ ཁང་མིག་དེ་ དོགས་པ་ཅན་ཕོ་སྐྱེས་དེ་དང་ བགོ་བཤའ་རྐྱབ་སྟེ་ སྡོད་དོ་ཡོདཔ་ད་ ཕོ་སྐྱེས་དེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚེ་འདས་ཕོ་སྐྱེས་དེ་དང་ དོགས་པ་ཅན་ཕོ་སྐྱེས་༢ དེ་ཚེ་ ཕྱི་རུའི་བཞེས་སྒོ་ བཟའ་ནིའི་དོན་ལུ་ ཚོད་བསྲེའི་ཚོདམོ་ཅིག་ བཟོ་ནུག་ཟེར་ཨིན་པས།

དེ་བསྒང་ ཁོང་༢ ཀྱི་བར་ན་ འཐབ་འཛིང་བྱུང་ཡོདཔ་བཟུམ་ཅིག་ འདུག་ཟེར་ཨིན་པས།

ཀུན་གསལ་གྱིས་ ཤེས་རྟོགས་བྱུང་དོ་བཟུམ་འབད་བ་ཅིན་ ཚེ་འདས་ཀྱི་ བཟའ་ཚང་དེ་ བསམ་རྩེ་ལུ་ཡོདཔ་བཞིན་དུ་ ཁོ་རང་དང་གཅིག་ཁར་ ཟླཝ་༡ ལང་མི་ ཨ་ལོ་ཅིག་འདུག་ཟེར་ ཨིན་པས།

ཁྲིམས་སྲུང་འགག་པ་གིས་ དོགས་པ་ཅན་ཕོ་སྐྱེས་དེ་ འཚོལ་བའི་བསྒང་ཡོདཔ་ད་ འདས་པའི་ལོ་༣ ནང་ ཐིམ་ཕུག་ལུ་ གྱི་གསོབ་པའི་གནད་དོན་ཁག་༤༠ བྱུང་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་ཕུན་ཚོགས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *