ཀི་ཡོ་ཏོ་གཙུག་ལག་སློབ་སྡེའི་མདོ་ཆེན་ ནོར་བུ་ཡ་ ཨི་ན་ག་ཀི་དང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་གཙོ་འཛིན་ ལྷགཔ་རྡོ་རྗེ་གིས་ ཆིངས་ཡིག་གུ་ མཚན་རྟགས་བཀོད་པའི་བསྒང་།

གོ་བརྡའི་ཆིངས་ཡིག་ བསྐྱར་གསོ་འབད་ཡོདཔ།

༉ ཁ་ཙ་ ཐིམ་ཕུག་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེའི་ ཞལ་འཛོམས་ཁང་ནང་སྦེ་ ཇ་པཱན་ཀི་ཡོ་ཏོ་གཙུག་ལག་སློབ་སྡེ་དང་ གསོ་བའི་ལྷན་ཁག་ དེ་ལས་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་བར་ནའི་ གོ་བརྡའི་ཆིངས་ཡིག་དེ་ བསྐྱར་གསོ་འབད་ཡི།
གོ་བརྡའི་ཆིངས་ཡིག་ འགོ་དང་པ་དེ་ ཇ་པཱན་ཀི་ཡོ་ཏོ་གཙུག་ལག་སློབ་སྡེ་དང་ གསོ་བའི་ལྷན་ཁག་ དེ་ལས་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེའི་བར་ན་ སྤྱི་ལོ་༢༠༡༣ གྱི་ཟླཝ་༡༠ པའི་ནང་ མཚན་རྟགས་བཀོད་ཡོདཔ་ཨིན་པས།
ཀི་ཡོ་ཏོ་གཙུག་ལག་སློབ་སྡེའི་མདོ་ཆེན་ ནོར་བུ་ཡ་ ཨི་ན་ག་ཀི་གིས་ བཤད་མི་དང་འཁྲིལཝ་ད་ འབྲུག་དང་ ཀི་ཡོ་ཊོ་བར་ན་ གོ་བརྡའི་ཆིངས་ཡིག་བཟོ་དགོ་པའི་ དམིགས་ཡུལ་དེ་ཡང་ ཀི་ཡོ་ཊོ་གཙུག་ལག་སློབ་སྡེ་གི་ གསོ་བའི་ལས་བྱེདཔ་ཚུ་གིས་ འབྲུག་པའི་ཌོག་ཊར་ ན་གཞོན་ཚུ་ལུ་ སྦྱོང་བརྡར་དང་རིག་རྩལ་ཚུ་ བྱིན་ནིའི་དོན་ལུ་ཨིན་པས།
དེ་མ་ཚད་ ཀི་ཡོ་ཏོ་གཙུག་ལག་སློབ་སྡེའི་ གསོ་བའི་ལས་བྱེདཔ་ཚུ་གིས་ འབྲུག་པའི་སྨན་ཁང་ཚུ་ནང་ ལཱ་འབད་ནི་གི་གོ་སྐབས་དང་ འབྲུག་རྒྱལ་ཁབ་ཀྱི་ ལམ་སྲོལ་དང་ རྒྱལ་ཁབ་ཀྱི་ དམིགས་ཡུལ་བཟང་པོ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་སྐོར་ལས་ ཧ་གོ་ཚུགས་པའི་ ཕན་ཁྱད་འདུག་ཟེར་ཨིན་པས།
ཀི་ཡོ་ཏོ་གཙུག་ལག་སློབ་སྡེ་གིས་ ལོ་གསུམ་གྱི་ནང་འཁོད་ལུ་ གསོ་བའི་ལས་བྱེདཔ་སྡེ་ཚན་༧ ནང་ ཡོངས་བསྡོམས་ལས་བྱེདཔ་༧༠ དེ་ཅིག་ བཏང་ཡོདཔ་ཨན་པས།
མདོ་ཆེན་གྱིས་འབད་བ་ཅིན་ ཀི་ཡོ་ཏོ་གཙུག་ལག་སློབ་སྡེའི་ཁ་ཐུག་ལས་བྱིན་མི་ གསོ་བའི་ཞབས་ཏོག་དེ་གིས་ འབྲུག་པའི་ཌོག་ཊར་ན་གཞོན་ཚུ་ལུ་ ཤེས་ཡོན་དང་ རིག་རྩལ་གསརཔ་ཐོབ་ཚུགས་པས་ཟེར་མི་དེ་ལུ་ ངལ་རངས་སྦོམ་ཡོད་ཟེར་ཨིན་པས།
ད་རུང་ གོ་བརྡའི་ཆིངས་ཡིག་བསྐྱར་གསོ་འབད་མི་དེ་གིས་ ད་ལས་ཕར་ རྒྱལ་ཁབ་ནང་ འགོ་དང་པ་ གཞི་བཙུགས་འབད་མི་ གསོ་རིག་གཙུག་སྡེ་ལུ་ཡང་ ཕན་ཐོགས་འབྱུང་ཚུགས་པའི་ རེ་བ་ཡོད་ལུགས་ཚུ་གི་སྐོར་ལས་ བཤད་ཅི།
འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་གཙོ་འཛིན་ ལྷགཔ་རྡོ་རྗེ་གིས་ བཤད་མིའི་ནང་ ཀི་ཡོ་ཏོ་གཙུག་ལག་སློབ་སྡེ་ལས་ ཌོག་ཊར་འོང་མི་ཚུ་གིས་ རྒྱལ་ཁབ་ནང་ ཤེས་ཡོན་སྦྱང་མི་ ཌོག་ཊར་དང་ གསོ་བའི་ལས་བྱེདཔ་གཞན་ཚུ་ལུ་ རིག་རྩལ་དང་ ཡོན་ཏན་གསརཔ་འཐོབ་ཚུགས་པའི་ ཁེ་ཕན་སྦོམ་འདུག་ཟེར་ཨིན་པས།
ད་ལྟོ་ཚུན་ཚོད་ ཀི་ཡོ་ཏོ་གཙུག་ལག་སློབ་སྡེའི་ཁ་ཐུག་ལས་ རྒྱབ་སྐྱོར་གང་དྲག་འབད་ཡོདཔ་མ་ཚད་ ད་ལས་ཕར་འབད་རུང་ གོ་བརྡའི་ཆིངས་ཡིག་ བསྐྱར་གསོ་འབདཝ་དང་གཅིག་ཁར་ རྒྱབ་སྐྱོར་གནང་མི་དེ་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ བཤད་ཅི།
གོ་བརྡའི་ཆིངས་ཡིག་དེ་ནང་ གནད་དོན་ཁག་མ་འདྲཝ་ ལེ་ཤ་ཅིག་ འཁོད་མིའི་ནང་ལས་ འབྲུག་གི་ཁ་ཐུག་ལས་ གསོ་བའི་ལས་བྱེད་པའི་ དགོས་མཁོ་བཀོད་པའི་སྐབས་ ཀི་ཡོ་ཏོ་གཙུག་ལག་སློབ་སྡེའི་ཁ་ཐུག་ལས་ ལས་བྱེདཔ་ཚུ་ ཟླཝ་༣ གྱི་རིང་ གཏང་དགོཔ་སྦེ་ཨིན་པས།
འབྲུག་ལུ་ གསོ་བའི་གནས་སྟངས་ ཡར་དྲག་གཏང་ནིའི་དོན་ལུ་ མི་མང་འཕྲོད་བསྟེན་དང་འབྲེལ་བའི་ ཤེས་ཡོན་བྱིན་ནི་དང་ གསོ་བའི་འཕྲུལ་ཆས་ཚུ་ ལག་ལེན་འཐབ་ཐངས་ཀྱི་སྐོར་ལས་ གོ་བརྡའི་ཤེས་ཡོན་བྱིན་ནི་ཚུ་ ཆིངས་ཡིག་གི་ དོན་ཚན་ཚུ་གི་གྲས་ལས་ གཅིག་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *