གསར་གྱི་ཐང་གི་འཁོར་ལམ།

གསེར་གྱི་ཐང་དང་ བུ་རི་ཆུ་བར་ནའི་འཁོར་ལམ་ རྩི་ནག་གཏང་དགོཔ།

༉ འཕྲལ་ཁམས་ཅིག་ཁར་འཚོགས་མི་ རྩི་རང་རྫོང་ཁག་ཚོགས་འདུ་ནང་ གྲོས་འདེབས་ཕུལ་དོ་བཟུམ་འབད་བ་ཅིན་ གསེར་གྱི་ཐང་དང་ བུ་རི་ཆུ་བར་ནང་གི་ ཕྲང་ལམ་དེ་ ན་ཧིང་ ཇི་ཨེས་བི་ཟེར་ རྡོ་རུ་བླུག་ཐོག་ལས་ བཟོ་སྐྲུན་འབད་ཡོད་རུང་ ད་རེས་ནངས་པར་ ལམ་གྱི་གནས་སྟངས་ སྐྱོ་དྲགས་ལུ་ སྒྱུར་ཡོདཔ་ལས་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ རྩི་ནག་གཏང་དགོཔ་སྦེ་ཨིན་པས།

སེར་གྱི་ཐང་རྒཔོ་ མཱན་བིར་རའེ་གིས་ སླབ་མིའི་ནང་ ལམ་ལེགས་ཤོམ་བཟོ་ནིའི་དོན་ལུ་ ཧེ་མ་ལས་ར་ རྩི་ནག་བཏང་དགཔ་འདྲཝ་འབད་བ་ཅིན་ ཟད་འགྲོ་སྦོམ་གཏང་ཐོག་ལས་ ཇི་ཨེས་བི་ རྡོ་རུ་བླུགས་མི་དགོ་ནི་མས་ཟེར་ཨིན་པས།

ཀི་ལོ་མི་ཊར་༩.༤ འབད་མི་ ཕྲང་ལམ་དེ་ཁ་ལས་ ཉིན་བསྟར་བཞིན་དུ་ སྣུམ་འཁོར་༥༠ དེ་རེ་ འགྲུལ་སྐྱོད་འབད་དོ་ཡོདཔ་ད་ རྫོང་ཁག་བདག་སྐྱོང་གིས་ ན་ཧིང་ལོ་ནང་ ཇི་ཨེསི་བི་རྡོ་རུ་བླུགས་ཏེ་ ལམ་ཡར་དྲག་བཏང་ཡོདཔ་ཨིན་པས།

འཁོར་ལམ་དེ་ རྩི་ནག་གཏང་པ་ཅིག་ རྒེད་འོག་༤ གི་ མི་སེར་ཚུ་གི་ འཚོ་བའི་གནས་སྟངས་ གོང་འཕེལ་གཏང་ཚུགས་ཟེར་ཨིན་པས།

རྒེད་འོག་གིས་ སོ་ནམ་ལཱ་ལུ་ གཙོ་རིམ་སྒྲིག་དོ་ཡོད་མི་དེ་ཡང་ སོ་ནམ་ཐོན་སྐྱེད་ཚུ་ དབང་འདུས་ སྤུ་ན་ཁ་ དེ་ལས་ ཐིམ་ཕུག་ལུ་ བཙོང་པར་ འབག་ནི་དེ་གིས་ཨིན་པས། 

བུ་རི་ཆུ་དང་ གསེར་གྱི་ཐང་བར་ནའི་ཕྲང་ལམ་དེ་གིས་ འཁོར་ལམ་ཀི་ལོ་མི་ཊར་༧༥ དེ་ཅིག་ཐུང་ཀུ་བཟོ་བའི་ཁར་ དུས་ཡུན་ཆུ་ཆོད་༣ དེ་ཅིག་ མར་ཕབ་འབད་ཚུགས་ཟེར་ཨིནམ་ད་ གལ་སྲིད་ འཁོར་ལམ་དེ་ རྩི་ནག་བཏང་པ་ཅིན་ མི་སེར་ལུ་ ཁེ་ཕན་སྦོམ་ར་འབྱུང་འོང་ཟེར་ཨིན་པས།

ཚོང་འབྲེལ་རྒྱ་ཆེཝ་སྦེ་འབད་མི་ སོ་ནམ་པ་ རྩི་རང་སྟོད་ལས་ སན་མཱན་ སུ་བྷ་གིས་ འཕྲལ་འཕྲལ་ར་ ཚོད་བསྲེ་དང་ སྒོ་ནོར་གྱི་ ཐོན་སྐྱེད་ཚུ་ དབང་འདུས་དང་ སྤུ་ན་ཁ་ལུ་ བཀྲམ་སྤེལ་འབད་དོ་ཡོདཔ་བཞིན་དུ་ ཁོ་གིས་ འབད་བ་ཅིན་ གནམ་བྱཱར་གྱི་དུས་ཚོད་ཁར་ འཁོར་ལམ་དེ་ སྐྱོ་དྲགས་ཡོད་མི་གིས་ ཚོང་འབྲེལ་འཐབ་ནི་ལུ་ དཀའ་ངལ་སྦོམ་ར་ བྱུངམ་མས་ཟེར་ཨིན་པས།

འཁོར་ལམ་ལེགས་ཤོམ་མེད་མི་ལུ་བརྟེན་ སྣུམ་འཁོར་ཕོར་ཝིལ་ཡོད་མི་གིས་མ་གཏོགས་ གཞན་ཚུ་གིས་ འགྱོ་མི་ཚུགས་པས་ཟེར་ཨིན་པས།

སན་མཱན་སུ་བྷ་གིས་ བདུན་ཕྲག་རེ་ནང་ ཚོང་ཆས་ཚུ་འབག་སྟེ་ ལན་ཐེངས་༤ དེ་རེ་ འོང་དོ་ཡོདཔ་ཨིན་པས།

རྒེད་འོག་དམངས་མི་ མོ་ནོ་རཏ་ སཱན་ཡ་སི་གིས་ སླབ་མིའི་ནང་ ཕྲང་ལམ་དེ་ གསེར་གྱི་ཐང་དང་ ཕུན་ཏན་ཆུ་ རྩི་རང་སྟོད་ དེ་ལས་ སེམས་ལྗོངས་ཀྱི་ མི་སེར་ཚུ་གི་དོན་ལུ་ གཞུང་ལམ་གཙོ་བོ་བཟུམ་ཅིག་སྦེ་ ཞབས་ཏོག་སྤྱོད་དོ་ཡོདཔ་ཨིན་པས།

དམངས་མི་གིས་ སླབ་མིའི་ནང་ འཁོར་ལམ་རྩི་ནག་མ་བཏང་པ་ཅིན་ གནམ་བྱཱར་ལུ་ ཧེང་སྐལ་ར་ སྐྱོ་དྲགས་འགྱོ་འོང་ཟེར་ཨིནམ་ད་ ང་བཅས་ཀྱིས་ ཇི་ཨེས་བི་ཚར་༢ བླུགས་ཏེ་ བཟོ་སྐྲུན་འབད་མི་དེ་ སྤྱི་ལོ་༢༠༡༧ ལུ་ འགོ་བཙུགས་ཅི་ཟེར་ཨིན་པས།

རྫོང་ཁག་ཚོགས་འདུ་གིས་ ཞབས་ཏོག་ལྷན་ཁག་ལུ་ གྲོས་འབུལ་ཕུལ་ནི་སྦེ་ ཐག་བཅད་ཡོད་པའི་ཁར་ རྒཔོ་ མཱན་བིར་རའེ་གིས་ སླབ་མིའི་ནང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ནང་ འཆར་དངུལ་གྱི་ གྲོས་འཆར་བཙུགས་ནི་ཨིནམ་ད་ ལས་འགུལ་དེ་གི་དོན་ལུ་ མ་དངུལ་ས་ཡ་༢༧.༥༠ སྔོན་རྩིས་བཏོན་ཡོདཔ་ཨིན་པས།

འཁོར་ལམ་དེ་ སྤྱི་ལོ་༢༠༡༦ ལུ་ བཟོ་སྐྲུན་འབད་ཡོད་པའི་གནས་ཚུལ། 

སྐད་སྒྱུར་བཀྲིས་ཕུན་ཚོགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *