གསེར་ཀེ་ཇི་༡༥ འབག་མི་ ཕོ་སྐྱེས་༣ འཛིན་བཟུང་།

༉ སྤ་རོ་ དགུང་ཉི་རྩ་བ་ལུ་ཡོད་པའི་ དྲག་པོའི་བསྟན་སྲུང་དམག་མི་གིས་ སྤྱི་ཟླ་༩ པའི་ཚེས་༣༠ ལུ་ གསེར་ཀེ་ཇི་༡༥ འབག་མི་ ཕོ་སྐྱེས་༣ འཛིན་བཟུང་འབད་ཡོདཔ་ཨིན་པས།

དེ་ཡང་ བཙན་ཏོག་ལས་ཨིན་མི་ སྐྱེས་ལོ་༤༢ དང་༣༠ དེ་ལས་༢༨ ལང་མི་ ཕོ་སྐྱེས་༣ ཆ་ར་ སྤ་རོ་ཁྲིམས་སྲུང་འགག་པ་ལུ་ རྩིས་སྤྲོད་འབད་ཡོདཔ་བཞིན་དུ་ འཕྱོག་བཟུང་འབད་མི་གསེར་དེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།

གནད་དོན་དེ་ སྤ་རོ་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༡༠ པའི་ཚེས་༡༣ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་ཡོདཔ་ད་ གནས་ཚུལ་བཤད་མི་ཚུ་གིས་འབད་བ་ཅིན་ ད་ལྟོ་ ཕོ་སྐྱེས་༣ ཆ་ར་ དོ་དམ་འོག་ལས་ བཏང་སྟེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *