དགེ་ལེགས་ཕུག་ཁྲོམ།

གསར་སྤང་ལུ་ འགྲུལ་སྐྱོད་ས་ཁོངས་དང་ སྨན་བཅོས་ཞབས་ཏོག་ འགོ་བཙུགས་ཡོདཔ།

༉ ཁ་ཙ་ལས་འགོ་བཙུགས་ གསར་སྤང་དང་ དགེ་ལེགས་ཕུག་ལུ་ རང་སོའི་ས་ཁོངས་ནང་རྐྱངམ་གཅིག་ འགྲོ་འགྲུལ་འབད་བཅུག་ནིའི་ལམ་ལུགས་ འགོ་བཙུགས་ཡོདཔ་ད་ འགྲོ་འགྲུལ་བཀག་དམ་གྱི་སྐབས་ ཚོང་བཙོང་ནིའི་དོན་ལུ་ ངོས་འཛིན་འབད་མི་ ཚོང་ཁང་ཚུ་ཡང་ ཕྱི་རུའི་ཆུ་ཚོད་༦ ལས་ སྒོ་བསྡམ་དགོཔ་ཨིན་པས།

དགེ་ལེགས་ཕུག་ཁྲོམ་དེ་ ས་ཁོངས་༥ དང་ ཁྲོམ་སྡེའི་ཕྱི་ཁའི་ས་གནས་ དཔལ་རི་ཐང་དང་ པདྨ་ཐང་ དེ་ལས་ ལས་སྐྱིད་ཐང་གི་ ས་མཚམས་ཚུ་ནང་འབདཝ་ད་ བར་གནས་ས་ཁོངས་༣ ངོས་འཛིན་འབད་ཡོདཔ་ཨིན་པས།

འགྲོ་འགྲུལ་བཀག་དམ་གྱི་སྐབས་ ལམ་འགྲུལ་འབད་ཆོག་པའི་ ཤོག་བྱང་ཚུ་ མི་ཕུད་རྡོག་རེ་ལུ་མ་གཏོགས་ ལག་ལེན་འཐབ་མི་ཆོག་ནི་དང་ ད་ལྟོའི་ བཟོ་སྐྲུན་གྱི་ལཱ་ཚུ་ཡང་ ས་ཁོངས་ཚུ་ནང་ གཞི་བཙུགས་འབད་ཡོད་མི་ རང་སྲུང་ངན་ ཉེན་སྐྱོབ་ཐབས་ལམ་ཚུ་ དབྱེ་ཞིབ་འབད་བའི་ཤུལ་ལུ་རྐྱངམ་གཅིག་ འགོ་བཙུགས་བཅུག་ནི་ཨིན་པས།

ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་དང་འཁྲིལཝ་ད་ ཁྲོམ་སྡེ་དང་ རྫོང་ཁག་ དེ་ལས་ རྒེད་འོག་བདག་སྐྱོང་ཚུ་གིས་ དབྱེ་ཞིབ་ཚུ་ མཐིལ་ཕྱིན་འབད་འོང་ཟེར་ཨིན་པས།

དེ་བཟུམ་སྦེ་ བཟོ་གྲྭ་ཆུང་བ་དང་ བར་མ་ཚུ་ སྒོ་ཕྱེ་ནི་དང་ སྦྱོང་བརྡར་འགོ་འདྲེན་འཐབ་ནི་ཚུ་ཡང་ འབྲེལ་ཡོད་དབང་འཛིན་གྱིས་ རང་སྲུང་ཐབས་ལམ་ཚུ་ ག་དེ་སྦེ་ར་ གཞི་བཙུགས་འབད་ནུག་ག་ ལྟ་ཞིབ་འབད་ཞིནམ་ལས་རྐྱངམ་གཅིག་ གནང་བ་སྤྲོད་འོང་ཟེར་ཨིན་པས།

འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གསར་སྤང་དང་ དགེ་ལེགས་ཕུག་ལུ་ བཟོ་གྲྭ་ཆུང་བ་དང་ བར་མ་༧ ལྷགཔ་ཅིག་ཡོད་མི་ ག་རའི་ནང་ རང་སྲུང་ཐབས་ལམ་ཚུ་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།

དེ་བཟུམ་སྦེ་ ཁ་ཙ་ལས་ དགེ་ལེགས་ཕུག་དབྱུས་ཕྱོགས་གཙོ་བསྟེན་སྨན་ཁང་གིས་ མཁོ་གལ་ཆེ་བའི་ འགྲུལ་སྐྱོད་སྨན་བཅོས་ཞབས་ཏོག་ འགོ་བཙུགས་ཡོདཔ་ད་ ཞབས་ཏོག་དེ་གིས་ བསམ་གཏན་གླིང་དང་ དགེ་ལེགས་ཕུག་རྒེད་འོག་ དེ་ལས་ དགེ་ལེགས་ཕུག་ཁྲོམ་སྡེ་ཚུ་ནང་ ཁྱབ་ནི་ཨིན་པས།

འགྲུལ་སྐྱོད་སྨན་བཅོས་ཀྱིས་ ཁྲག་ཤུགས་དང་ གཟུགས་ཁར་ གུ་རམ་གྱི་ ཚད་གཞི་བལྟ་ནི་ དེ་ལས་ སྨན་ཚུ་བགོ་བཀྲམ་འབདཝ་མ་ཚད་ ཨ་ལོ་སྐྱེ་ནི་ཡོད་མི་ཚུ་ལུ་ བརྟག་དཔྱད་ཚུ་ འབད་ནི་ཨིན་པས།

དབུས་ཕྱོགས་གཙོ་བསྟེན་སྨན་ཁང་གིས་ ཞབས་ཏོག་དེ་ འགོ་བཙུགས་དགོ་མི་དེ་ཡང་ མི་སེར་ཚུ་ལུ་ སྨན་བཅོས་ཀྱི ་ཞབས་ཏོག་ཚུ་ མ་ཕྱིས་པར་ མཁོ་སྤྲོད་འབད་ཐབས་ལུ་དམིགས་ཏེ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *