གཟིག་ལྤགས་ནག་ཚོང་འཐབ་ནིའི་ དཔའ་བཅམ་མི་ འབྲུག་མི་༢ འཛིན་བཟུང་།

༉ སྤྱི་ཟླ་༥ པའི་ཚེས་༤ གི་ནུབ་མོར་ ནུབ་བེང་གཱལ་ ཇེལ་པའི་གུ་རི་རྫོང་ཁག་གི་ས་གནས་ བེ་ལ་ཀོ་བཱ་ལས་ ནགས་ཚལ་འགོ་དཔོན་ཚུ་གིས་ གཟིག་ལྤགས་འབག་ཐོག་ལས་ ནག་ཚོང་འཐབ་ནི་གི་ དཔའ་བཅམ་མི་ འབྲུག་མི་ཕོ་སྐྱེས་༢ འཛིན་བཟུང་འབད་ཡོདཔ་ཨིན་པས།
མ་གཞི་ གནད་དོན་དེ་གི་སྐོར་ལས་ ས་མཚམས་ཕྱི་ཁའི་ ནགས་ཚལ་འགོ་དཔོན་ཚུ་དང་ འབྲེལ་བ་འཐབ་མ་ཚུགས་རུང་ ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ རྒྱ་གར་ལུ་ འཛིན་བཟུང་འབད་མི་ ཕོ་སྐྱེས་༢ ཀྱི་གྲས་ལས་༡ སྒོམ་ཆེན་དང་༡ ལྟ་བཤལ་པའི་འགྲུལ་སྐྱེལ་བཱསི་གི་ དེད་གཡོགཔ་ཨིན་པས།
ས་གནས་ཀྱི་ གསར་ཤོག་ནང་ གསལ་བཀོད་འབད་མི་དང་འཁྲིལ་བ་ཅིན་ ཕོ་སྐྱེས་དེ་གཉིས་ གཟིག་ལྤགས་དེ་ ཀ་ལིམ་པོང་ལུ་ ཕོ་སྐྱེས་ཅིག་ལུ་ བཙོང་ནིའི་དོན་ལས་ འབག་སོང་ནུག་ཟེར་ཨིན་པས།
དོགས་ཅན་༢ ཀྱིས་ རིང་ཐུང་ཕིཊ་༨ འབད་མི་ གཟིག་ལྤགས་སྐམ་སྐམ་དེ་ སྒེར་འཁོར་ནང་ ཁེབས་གདན་གྱི་འོག་ལུ་ སྦ་གསང་ཐོག་ འབག་འགྱོ་བའི་སྐབས་ ཧ་ཤི་མ་ར་ལས་ འཛིན་བཟུང་འབད་ཡོདཔ་ད་ ཁོང་༢ བཀྲིས་གཡང་རྩེ་ལས་ འོང་ཡོདཔ་བཟུམ་འདུག་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *