གཞུང་གིས་ ཕྱིའི་མ་རྩ་གཞི་བཙུགས་ལས་འགུལ་༡༠ ལུ་ གནང་བ་སྤྲོད་ཡོདཔ།

༉ ཕྱིའི་མ་རྩ་གཞི་བཙུགས་སྙན་ཞུ་༢༠༢༠ ཅན་མ་དང་འཁྲིལཝ་ད་ ན་ཧིང་ ནད་ཡམས་ཐོན་རུང་ གཞུང་གིས་ ཕྱིའི་མ་རྩ་གཞི་བཙུགས་ལས་འགུལ་༡༠ ལུ་ གནང་བ་སྤྲོད་ཡོདཔ་ཨིན་པས།

དེ་ཚུ་གི་གྲས་ལས་༥ བཟོ་སྐྲུན་ལས་སྡེ་ནང་དང་ གཞན་མི་ཚུ་ ཞབས་ཏོག་ལས་སྡེའི་ནང་ཨིནམ་ད་ ལོ་དེ་ནང་ ཕེ་རོ་ཨེ་ལོ་འེས་དང་ བརྡ་དོན་འཕྲུལ་རིག་ཚུ་ལུ་ གཙོ་རིམ་ཐོབ་ཡོདཔ་ཨིན་པས།

མ་གཞི་ གཞུང་གིས་ གནང་བ་གྲུབ་པའི་ ཕྱིའི་མ་རྩ་གཞི་བཙུགས་ཀྱི་ གྱངས་ཁ་ཚུ་ སྤྱི་ལོ་༢༠༡༩ དང་ཕྱདཔ་ད་ མར་བབས་སོང་ཡོདཔ་ཨིན་རུང་ གནས་ཁུངས་དེ་ དངུལ་ཀྲམ་ཐེར་འབུམ་༡.༡༦༦ ལས་ ཐེར་འབུམ་༢.༡༠༤ ཡར་སེང་སོང་མི་དེ་ བརྒྱ་ཆ་༨༠ ཡར་སེང་ཨིན་པས།

ཨེ་ཤི་ཡ་ལུང་ཕྱོགས་གནང་འཁོད་ལས་འབད་བ་ཅིན་ ཕྱིའི་མ་རྩ་གཞི་བཙུགས་འབད་མི་ མཐོ་ཤོས་དེ་ར་ རྒྱ་གར་ཨིནམ་ད་ ཡོངས་བསྡོམས་ལས་ བརྒྱ་ཆ་༤༧ ཨིན་པས།

ལས་འགུལ་༡༠ ལས་ ཕེ་རེ་ཨེ་ལོ་འེས་ལས་སྡེ་༣ དང་ བཟོ་སྐྲུན་དང་ ཟ་ཁང་ཚུ་ནང་ རེ་རེ་འབདཝ་ད་ ལས་འགུལ་༥ འི་ནང་ རྒྱ་གར་གྱིས་ མ་རྩ་གཞི་བཙུགས་འབད་ཡོདཔ་ཨིན་པས།

གཞན་མི་ བརྡ་དོན་འཕྲུལ་རིག་ལས་སྡེ་༢ ཀྱི་དོན་ལུ་ ཡུ་ཨེསི་དང་ སིངྒ་པོར་ཚུ་གིས་ མ་རྩ་གཞི་བཙུགས་ འབད་ཡོདཔ་ཨིན་པས།

ཕྱིའི་མ་རྩ་གཞི་བཙུགས་དེ་ནང་ བཟའ་བཏུབ་པའི་ མར་ཁུ་དང་ ཐའི་ལེནཌི་ལས་ལེན་ཏེ་ འཛུགས་སྐྱོང་འབད་ནི་ཨིན་མི་ སྨན་ལྡན་ཤ་མུ་ཚུ་ ཚུདཔ་ཨིན་པས།

ལྷག་ལུས་ལས་འགུལ་གཉིསཔོ་དེ་ དངུལ་འབྲེལ་ཆུང་བ་དང་ བཟོ་སྐྲུན་ལས་སྡེའི་ནང་ཨིནམ་ལས་ དེ་ཚུ་གི་དོན་ལུ་ ཇར་མ་ནི་གིས་ མ་ཙ་གཞི་བཙུགས་ འབད་ཡོདཔ་ཨིན་པས།

ཕྱིའི་མ་རྩ་གཞི་བཙུགས་ཀྱི་ ལས་འགུལ་གསརཔ་༡༠ འབད་མི་ཚུ་ ག་ར་བསྡོམས་ད་ ད་རེས་ རྒྱལ་ཁབ་ནང་ ལས་འགུལ་བསྡོམས་༩༢ ཡོདཔ་ཨིན་པས།

ཕྱིའི་མ་རྩ་གཞི་བཙུགས་ལུ་ གཞུང་ལས་ གནང་བ་གནང་ནི་དེ་ གོ་རིམ་༢ སྦེ་ཡོདཔ་ད་ དེ་ཡང་ ལས་འགུལ་ཚུ་ འགོ་མ་ཚུགསཔ་ལས་ ཕྱིའི་མ་རྩ་གཞི་བཙུགས་ཀྱི་ ཐོ་བཀོད་ལག་ཁྱེར་སྤྲོད་ནི་དང་ དེ་ལས་ གནང་བ་སྤྲོད་ནི་གཉིས་ཨིན་ས།

སྤྱི་ལོ་༢༠༢༠ ལུ་ ལས་འགུལ་༩ ལུ་ ཕྱིའི་མ་རྩ་གཞི་བཙུགས་ཀྱི་ ཐོ་བཀོད་ལག་ཁྱེར་ སྤྲོད་མིའི་གྲས་ལས་༣ ལུ་ གནང་བ་སྤྲོད་ཡོདཔ་ཨིན་པས།

བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་ སླབ་མིའི་ནང་ ནད་ཡམས་ཐོན་རུང་ རྒྱལ་ཁབ་ནང་ ཕྱིའི་མ་རྩ་གཞི་བཙུགས་འབད་མི་ ཐོན་མི་དེ་ ལེགས་ཤོམ་ཨིན་མས་ཟེར་ཨིན་པས།

དེ་ཡང་ སྤྱི་ལོ་༢༠༡༩ ལུ་ བསྐྱར་བཟོ་འབད་མི་ ཕྱིའི་མ་རྩ་གཞི་བཙུགས་ལུ་བརྟེན་བྱུང་བའི་ འགྱུར་བ་ཅིག་ཨིནམ་ད་ ད་ལས་ཕར་འབད་རུང་ མང་སུ་འཐོན་པའི་ རེ་བ་ཡོད་ཟེར་ཨིན་པས།

བློན་པོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༢༠ ལུ་ གནང་བ་སྤྲོད་མི་ ལས་འགུལ་ཚུ་ ད་རེས་ ལཱ་གི་གྲུབ་འབྲས་ གནས་ཚད་ མ་འདྲཝ་ཚུ་ནང་ ལྷོད་དེ་ཡོདཔ་ད་ དུས་ཅི་གི་ལོ་ མཇུག་བསྡུ་ཁམས་ལུ་ གྲུབ་འབྲས་ལེགས་ཤོམ་ བཏོན་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།

སྙན་ཞུ་དང་འཁྲིལཝ་ད་ ཕྱིའི་མ་རྩ་གཞི་བཙུགས་ བརྒྱ་ཆ་༦༤ གིས་ ཚོང་འབྲེལ་འཐབ་ནི་ཡང་ འགོ་བཙུགས་ཡོདཔ་ད་ དེ་ཚུའི་གྲས་ལས་ བརྒྱ་ཆ་༦༦ ཐིམ་ཕུག་དང་ སྤ་རོ་ དེ་ལས་ ཆུ་ཁ་ལུ་ གཞི་བཙུགས་འབད་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༩ ཟླ་༡༢ པ་ལས་ ལག་ལེན་འགོ་བཙུགས་མི་ ལས་འགུལ་ཚུ་གིས་ འབྲུག་མི་༤,༤༨༦ ལུ་ ལཱ་གཡོག་སྤྲོད་ཡོདཔ་ད་༧༧༧ གཏན་འཇགས་མེན་པའི་ ལཱ་གཡོག་ཚུ་ བྱིན་ཡོདཔ་ཨིན་པས།

ཕྱིའི་མ་རྩ་གཞི་བཙུགས་ཀྱི་ ལས་སྡེ་ཚུ་གིས་ སྤྱི་ལོ་༢༠༡༩ ལུ་ གཞུང་ལུ་ ཁྲལ་དངུལ་ཀྲམ་ཐེར་འབུམ་༡.༥༣༡ བཏབ་ཡོདཔ་ཨིན་རུང་ སྤྱི་ལོ་༢༠༡༨ དང་ཕྱདཔ་ད་ བརྒྱ་ཆ་༡༢ ཀྱིས་ མར་བབས་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉི་མ་དབང་འདུས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *