མོང་སྒར་གྱི་འཐུས་མི་ ཀརྨ་ལྷ་མོ།

གཞུང་གིས་ གྲོང་གསེབ་ཚེ་སྲོག་ཉེན་བཅོལ་གྱི་ བསྐྱར་ཞིབ་ལཱ་བརྒྱ་ཆ་༩༠ མཇུག་བསྡུ་ཡོདཔ།

༉ གཞུང་གིས་ གྲོང་གསེབ་ཚེ་སྲོག་ཉེན་བཅོལ་གྱི་ བསྐྱར་ཞིབ་ལཱ་བརྒྱ་ཆ་༩༠ དེ་ཅིག་ མཇུག་བསྡུ་སྟེ་ གྲ་སྒྲིག་ཚུད་དོ་ཡོདཔ་ལས་ བསྟར་སྤྱོད་འབད་ནིའི་དོན་ལུ་ ཟླཝ་དག་པ་ཅིག་ལས་བརྒལ་ མི་འགོར་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་༡༡ པའི་ཚེས་༡༨ ལུ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་སྐབས་ མོང་སྒར་གི་འཐུས་མི་ ཀརྨ་ལྷ་མོ་གིས་ གཞུང་གི་ཁ་ཐུག་ལས་ གྲོང་གསེབ་ཚེ་སྲོག་ཉེན་བཅོལ་གྱི་འཐུས་དེ་ བསྐྱར་བཟོ་འབད་ནིའི་ འཆར་གཞི་དང་ ཐབས་བྱུས་ཚུ་ ག་དེ་སྦེ་ར་ཡོདཔ་ཨིན་ན་ཟེར་ དྲི་བཀོད་འབད་བའི་སྐབས་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ ལན་གསལ་སྦེ་ཞུ་ཡི།
འཐུས་མི་ཀརྨ་ལྷ་མོ་གིས་ ཞུ་མིའི་ནང་ གྲོང་གསེབ་ཚེ་སྲོག་ཉེན་བཅོལ་གྱི་འཐུས་དེ་ བསྐྱར་ཞིབ་མ་འབད་བར་ ལོ་༥ དེ་ཅིག་ སོང་ཡོད་པའི་ཁར་ ད་རེས་ གོང་འཕེལ་གྱི་འགྱུར་བ་དང་བསྟུན་ ཚེ་སྲོག་ཉེན་བཅོལ་གྱི་འཐུས་དེ་གིས་ མི་ཚེ་ལས་འདས་པའི་སྐབས་ མེ་སྦྱང་འབད་ནིའི་ཟད་འགྲོ་མ་ལང་པའི་ དཀའ་ངལ་སྦོམ་སྦེ་ར་ ཐོན་ཏེ་འདུག་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ གཞུང་གི་ཁ་ཐུག་ལས་ གྲོང་གསེབ་ཚེ་སྲོག་ཉེན་བཅོལ་དེ་ ཡར་སེང་འབད་བ་ཅིན་ མི་ཉམ་ཆུང་ཚུ་ལུ་ ལྷན་ཐབས་འབྱུང་ཚུགས་ནི་མས་ཟེར་ཞུ་ཡི།
སྤྱི་ལོ་༢༠༡༩ ལོའི་ གྲོང་གསེབ་ཚེ་སྲོག་ཉེན་བཅོལ་བསྐྱར་ཞིབ་འབད་ཡོདཔ་བཞིན་དུ་ མི་སེར་ཚུ་གིས་ ལོ་བསྟར་ཉེན་བཅོལ་དངུལ་ཀྲམ་༨༧ དང་ གཞུང་ལས་རྒུད་འཐུས་སྦེ་ དངུལ་ཀྲམ་༡༠༨ གནང་མི་དང་འབྲེལ་ ཚེ་ལས་འདས་པའི་སྐབས་ ཚེ་སྲོག་ཉེན་བཅོལ་དངུལ་ཀྲམ་༣༠,༠༠༠ ཐོབ་དོ་ཡོདཔ་ཨིན་པས།
དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ ཞུ་མིའི་ནང་ གནད་དོན་ཐོག་ལུ་ གཞུང་གིས་ལཱ་འབད་དེ་ བརྒྱ་ཆ་༩༠ དེ་ཅིག་ འབད་ཚར་ཏེ་ཡོདཔ་ལས་ བསྟར་སྤྱོད་འབད་ནིའི་དོན་ལུ་ ཟླཝ་༤ ལས་བརྒལ་ མི་འགོར་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནད་དོན་དེའི་ཐོག་ལུ་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་དང་གཅིག་ཁར་ ཚར་ལེ་ཤ་ཅིག་ར་ གྲོས་བསྟུན་འབད་ཡོདཔ་ད་ ཉེན་བཅོལ་གྱི་འཐུས་ ཉུང་མཐའ་དངུལ་ཀྲམ་༡༥༠,༠༠༠ དང་ རབ་ཏུ་འབྱུང་པ་ཅིན་ དངུལ་ཀྲམ་༢༠༠,༠༠༠ ཡར་སེང་འབད་དགོཔ་དེ་ ཁག་ཆེཝ་་སྦེ་མཐོང་ཡི་ཟེར་ཞུ་ཡི།
ཚེ་སྲོག་ཉེན་བཅོལ་ཚུ་ཡང་ སྟབས་གཅིག་ཁར་སྦེ་ བསྡུ་ལེན་འབདཝ་ད་ མི་བཏུབ་པས་ཟེར་མནོ་སྟེ་ དངུལ་ཕོགས་ཐོབ་མི་ཚུ་ལུ་ གཞུང་གི་ཁ་ཐུག་ལས་ ཉེན་བཅོལ་ལྷན་ཐབས་ལུ་ རིམ་སྤྲོད་དངུལ་ལས་ བརྒྱ་ཆ་༣༠ དང་ བརྒྱ་ཆ་༧༠ དེ་ ཁོང་རང་གིས་ བྱིན་དགོཔ་འབདཝ་ད་ ལོ་བསྟར་མི་ངོམ་༡ གིས་ དངུལ་ཀྲམ་༢༠༠ ལས་བརྒལ་ བྱིན་མི་དགོ་ནི་ཨིན་པའི་ཁར་ དེ་གུ་ གཞུང་གི་ཁ་ཐུག་ལས་ དངུལ་ཀྲམ་༡༠༠ དེ་ཅིག་བྱིནམ་ད་ ཉེན་དངུལ་རིམ་སྤྲོད་ལས་དངུལ་ཀྲམ་༤༠༠ མ་ལངམ་ཅིག་ འོང་ནི་མས་ཟེར་ དངུལ་རྩིས་བློན་པོ་གིས་ ཞུ་ཡི།
ཁོ་གིས་འབད་བ་ཅིན་ ཉེན་བཅོལ་ལྷན་ཐབས་སྦེ་ གཞུང་གིས་ བརྒྱ་ཆ་༧༠ དང་ བརྒྱ་ཆ་༣༠ པོ་དེ་ ཁོང་རང་གིས་ བྱིན་དགོ་པའི་ལམ་ལུགས་བཟོ་བ་ཅིན་ ཡོདཔ་དང་མེད་པའི་བར་ན་ འདྲ་མཉམ་སྦེ་ འགྱོ་ནི་མས་ཟེར་ཞུ་ཡི།
དེ་འབདཝ་ལས་ ཚེ་སྲོག་ཉེན་བཅོལ་ དངུལ་ཀྲམ་༡༥༠,༠༠༠ ཐོབ་མི་དེ་གིས་ མེ་སྦྱང་འབད་ནིའི་ ཟད་འགྲོ་ཅིག་ བདའ་ཟུན་རུང་ ཁེ་ཕན་སྦོམ་སྦེ་ར་ འབྱུང་ཚུགས་ནི་མས་ཟེར་ དངུལ་རྩིས་བློན་པོ་གིས་ ཞུ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *