བརྡ་དོན་དང་བརྒྱུད་འབྲེལ་བློན་པོ་ ཌི་ཨེན་དུང་གེལ།

གཞུང་གིས་ གནམ་གྲུ་ཨེ་ཊི་ཨར་གསརཔ་ ཉོ་དགོཔ་སྦེ་ གྲོས་འདེབས་བཙུགས་ཡོདཔ།

༉ འབྲུག་མཁའ་འགྲུལ་གྱིས་འབད་བ་ཅིན་ གཞུང་གིས་ གནམ་གྲུ་ཨེ་ཊི་ཨར་གསརཔ་ ཉོ་དགོཔ་སྦེ་ གྲོས་འདེབས་བཙུགས་ཡོད་མི་དེ་ དངུལ་རྩིས་ལྷན་ཁག་གིས་ གོང་ཚད་དཔྱད་ཞིབ་འབད་ཞིནམ་ལས་རྐྱངམ་གཅིག་ ཐག་བཅད་ནི་ཨིན་མས་ཟེར་ བརྡ་དོན་དང་བརྒྱུད་འབྲེལ་བློན་པོ་ ཌི་ཨེན་དུང་གེལ་གྱིས་ ཁ་ཙ་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུད་ཀྱི་ གྲོས་འཛོམས་ཐེངས་༣༦ པ་ འགོ་འདྲེན་འཐབ་པའི་སྐབས་ལུ་ གསུངས་ཡོདཔ་ཨིན།

འབྲུག་མཁའ་འགྲུལ་གྱིས་ གནམ་གྲུ་ཨེ་ཊི་ཨར་༤༢-༥༠༠ ལག་ལེན་འཐབ་སྟེ་ ལོ་ངོ་༡༤ ལྷགཔ་ཅིག་སོང་ཡོདཔ་ལས་ འཕྲལ་མགྱོགས་ར་ སོར་དགོཔ་དེ་ ཁག་ཆེ་བས་ཟེར་ཨིན་པས།

བློན་པོ་གིས་ བཤད་མི་དང་འཁྲིལཝ་ད་ གནམ་གྲུ་ཨེ་ཊི་ཨར་དེ་ ལག་ལེན་འཐབ་སྟེ་ ལོ་ངོ་མང་རབས་ཅིག་སོང་ཡོདཔ་ལས་ དང་པ་ འགྲུལ་པ་ཚུ་གི་ཉེན་སྲུང་དང་ གཉིས་པ་ གནམ་གྲུ་རྙིངམ་དེ་ ལོག་བཙོང་པའི་སྐབས་ གོང་ཚད་ལེགས་ཤོམ་ འཐོབ་མ་ཚུགས་པའི་ དཀའ་ངལ་འདུག་ཟེར་ཨིན་པས།

དེ་འབདཝ་ལས་ ལྷན་རྒྱས་གཞུང་ཚོགས་ཀྱི་ཁ་ཐུག་ལས་ འབྲུག་མཁའ་འགྲུལ་ལུ་ ད་ལྟོ་ཡོད་མི་ གནམ་གྲུ་ཨེ་ཊི་ཨར་དེ་གི་ཚབ་སྦེ་ གནམ་གྲུ་གསརཔ་ གླ་ཁར་ལེན་ནི་གི་ ལས་རིམ་ཚུ་ གྲ་སྒྲིག་འབད་དེ་ འབག་འོང་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།

གནམ་གྲུ་ལག་ལེན་འཐབ་སྟེ་ ལོ་ངོ་༡༥ ལྷག་ཞིནམ་ལས་ བཙོང་མི་ཚུགས་ནི་ཨིནམ་ལས་ འཕྲལ་མགྱོགས་སྦེ་ར་ བཙོང་ཚུགས་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཨིན་པས།

ཨིན་རུང་ གནམ་གྲུ་རྙིངམ་དེ་ མ་བཙོང་པའི་ཧེ་མར་ གསརཔ་ཅིག་ གླ་ཁར་ལེན་ནིའི་དོན་ལུ་ གྲ་སྒྲིག་འབད་དགོཔ་ཁག་ཆེ་བས་ཟེར་ཨིན་པས།

གནམ་གྲུ་གསརཔ་ ཉོ་ནི་ཨིན་ན་ ཡང་ཅིན་ གླ་ཁར་ལེན་ནི་ཨིན་ན་ དེ་གི་གོང་ཚད་ཀྱི་ཁེ་ཕན་སྐོར་ལས་ ལྷན་རྒྱས་གཞུང་ཚོགས་ནང་ གྲོས་བསྡུར་འབད་ཡོད་རུང་ དངུལ་རྩིས་ལྷན་ཁག་གི་ཁ་ཐུག་ལས་ གོང་ཚད་དཔྱད་ཞིབ་འབད་མི་དེ་ མ་ལྷོད་ཚུན་ཚོད་ གྲོས་ཐག་བཅད་མི་ཚུགས་ནི་མས་ཟེར་ཨིན་པས།

འཕྲལ་ཁམས་གཅིག་ཁར་ འབྲུག་མཁའ་འགྲུལ་གྱིས་ དངུལ་རྩིས་ལྷན་ཁག་ནང་ གནམ་གྲུ་གསརཔ་ཅིག་མཁོ་སྒྲུབ་འབད་ནི་དང་ གཞན་མི་ཅིག་ གླ་འཁོར་ལེན་ནི་གི་ གྲོས་འདེབས་ཚུ་ བཙུགས་ནུག་ཟེར་ བློན་པོ་གིས་ བཤད་ཅི།

དེ་གི་སྐོར་ལས་ དངུལ་རྩིས་ལྷན་ཁག་གིས་ འཕྲལ་མགྱོགས་སྦེ་ར་ ལྷན་རྒྱས་གཞུང་ཚོགས་ལས་ གནང་བ་ལེན་ནི་གི་དོན་ལུ་ བཙུགས་ནི་མས་ཟེར་ བློན་པོ་གིས་བཤདཔ་ཨིན་པས།

གནམ་གྲུ་ཨེ་ཊི་ཨར་ གསརཔ་གི་གོང་ཚད་དེ་ དངུལ་ཀྲམ་ཐེར་འབུམ་༡.༢ དེ་ཅིག་ ཚོད་དཔག་འབདཝ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *