གཞུང་གིས་སྒོ་ཡངས་ཀྱི་ཐོག་ལས་ གྲོས་ཐག་བཅད་མི་ལུ་ བློན་ཆེན་ལུ་ གྲོས་ཐག་བཅད་མ་ཚུགས་པའི་ ཁ་ཉེས་བཀལ་དོ་ཡོདཔ།

༉ གཞུང་གིས་ སློབ་རིམ་བཅུ་པ་མཇུག་བསྡུ་མི་ཚུ་ལུ་ སྐུགས་ཚད་ཀྱི་ཚད་གཞི་མེདཔ་བཟོ་སྟེ་ སློབ་རིམ་༡༡ པའི་ནང་ འཕྲོ་མཐུད་ལྷབ་ནིའི་ གོ་སྐབས་བཟོ་མི་དང་ གཞལམ་སྒང་རྫོང་ཁག་གི་དོན་ལུ་ ལྟ་བཤལ་ལས་རིམ་བཟོ་ཡོད་མི་དེ་ གསར་སྤང་རྫོང་ཁག་ལུ་ སྤོ་ནིའི་གྲོས་ཐག་བཅད་མི་ཚུ་ རྩོད་རྙོགས་ཅན་གྱི་ གཞི་གནད་ལུ་ འགྱུར་ཏེ་ཡོདཔ་ཨིན་པས།
ཨིན་རུང་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ རྩོད་རྙོགས་ཅན་གྱི་གནད་དོན་ལུ་གྱུར་མི་ གྲོས་ཆོད་དེ་ཚུ་ སྲིད་འབྲེལ་གྱི་ གནད་དོན་ལུ་ གྱུར་ནུག་ཟེར་གསུངས་ཡོདཔ་ད་ འཕྲལ་ཁམས་ཅིག་ཁར་ བརྡ་བརྒྱུདཔ་དང་ཞལ་འཛོམས་འཚོགས་པའི་སྐབས་ བློན་ཆེན་གྱིས་ མི་སྡེ་བརྡ་བརྒྱུད་ནང་ལས་ཕར་ མིའི་སེམས་དཀྲོག་ནིའི་ གནས་ཚུལ་ཚུ་ ཁྱབ་སྤེལ་འགྱོ་མི་ལུ་ ཚ་གྱང་ཡོད་ཟེར་གསུངས་ཡི།
གཞུང་གིས་གྲོས་ཐག་བཅད་མི་དང་ སྲིད་བྱུས་བཟོ་ཐངས་ལུ་ དྲི་བཀོད་འབད་བའི་སྐབས་ བློན་ཆེན་གྱིས་ སྒོ་ཡངས་ཐོག་ལས་ གཞུང་གིས་ཕྱག་ལཱ་གནང་མི་ལུ་ ཁོ་ར་ ཐག་བཏོག་མ་ཚུགས་མི་དང་ སྒྲིང་སྒྲི་མེད་པའི་མི་ཅིག་བཟུམ་སྦེ་ ཆ་བཞག་ནུག་ཟེར་ཨིན་པས།
བློན་ཆེན་གྱིས་ ཐག་བཏོག་མ་ཚུགས་མི་ལ་ལོ་ བློན་ཆེན་གྱིས་ བདེན་ཆེད་སྦེ་ར་ འབད་དེ་ཡོད་ཟེར་གསུངས་ཡོདཔ་ད་ ཤེས་རིག་ལྷན་ཁག་གིས་ སྤྱི་ཟླ་༥ པའི་ནང་ ལོ་ངོ་༦ མ་ལང་མི་ བློ་གསར་སློབ་རིམ་ནང་བཙུགས་མི་ ཨ་ལོ་༨༩༠ གི་ཐོ་ཚུ་ ལྷན་ཁག་གིས་ཆ་མེད་བཏང་ཡོད་རུང་ ཕམ་ཚུ་གིས་ བློན་ཆེན་ཞུ་གཏུགས་འབད་བའི་ཤུལ་ལས་ གཞུང་གིས་ ཐེངས་གཅིག་གི་དོན་ལུ་ ལོག་སྟེ་ངོས་ལེན་འབད་ཡོདཔ་ཨིན་པས།
གཞུང་གིས་སློབ་རིམ་༡༠ པའི་སྐུགས་ཚད་ཀྱི་ཚད་གཞི་དེ་ཡང་ དུས་ཅི་ལས་ མེདཔ་བཟོ་ཡོདཔ་ཨིན་རུང་ གཞུང་གིས་ གནད་དོན་ལ་ལོ་ དཔེར་ན་ ཇ་པཱན་ལུ་ ལཱ་འབད་དེ་ དཔེ་ཆ་ལྷབ་ནིའི་ལས་རིམ་ཚུ་ལུ་ ཞུ་གཏུགས་འབད་དེ་འབད་རུང་ ན་གཞོན་ཚུ་གིས་ ལས་རིམ་དེ་གི་དོན་ལུ་ སྐྱིན་འགྲུལ་ལེན་ཡོད་མི་དེ་ མེདཔ་བཟོ་དགོ་པའི་ ཞུ་བ་འབད་མི་ལུ་ བསྒྱུར་བཅོས་མ་འབད་བར་བཞག་ཡོདཔ་ཨིན་པས།
དེ་མ་ཚད་ གཞུང་གིས་ གཞལམ་སྒང་རྫོང་ཁག་གི་དོན་ལུ་ ལྟ་བཤལ་གྱི་དམིགས་བསལ་ལས་རིམ་བཞག་མི་དེ་ གསར་སྤང་རྫོང་ཁག་ལུ་ ཁ་བསྒྱུར་མི་ལུ་ ལྡོག་ཕྱོགས་དང་རྒྱལ་ཡོངས་ཚོགས་སྡེ་ དེ་ལས་ ཚོགས་དཔོན་གྱིས་ རང་འཇགས་བཞག་དགོཔ་སྦེ་ སླབ་སྟེ་འབད་རུང་ ངོས་ལེན་འབད་མ་བཏུབ་ཨིན་པས།

བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང།
བློན་ཆེན་གྱིས་ གདམ་ཁ་ལེགས་ཤོམ་ཡོད་པ་ཅིན་ གྲོས་ཐག་དེ་ཡང་ ལོག་ཧེ་མ་བཟུམ་སྦེ་ བཞག་ནི་ལུ་ གྲ་སྒྲིག་སྡོད་ཅི་ཟེར་ཨིནམ་ད་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དང་ ལྟ་བཤལ་ལས་སྡེ་དང་གཅིག་ཁར་ ཞལ་འཛོམས་འཚོགས་པའི་སྐབས་ དམིགས་བསལ་དུ་ རྫོང་ཁག་རྐྱངམ་གཅིག་ལུ་ དམིགས་བསལ་ལས་རིམ་བཟོ་མི་དེ་ ཆ་མེད་བཏང་རུང་ གྲ་སྒྲིག་ཡོད་ཟེར་བཤད་ཅི་ཟེར་ཨིནམ་ད་ དམིགས་བསལ་ལས་རིམ་དེ་ རྫོང་ཁག་༢༠ ག་ར་ལུ་བཞག་རུང་ ང་ལུ་ དཀའ་ངལ་མེད་ཟེར་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ མི་སྡེ་བརྡ་བརྒྱུད་ནང་ ངལ་མ་རངས་པའི་གཏམ་ཚུ་ ག་དེ་སྦེ་ ཁྱབ་སྤེལ་འགྱོ་རུང་ གཞུང་ལུ་ གནོད་པ་མེད་ཟེར་ཨིནམ་ད་ གཞུང་གིས་ ག་དེ་དྲག་དྲག་ ཁྱད་རིག་གི་ཐོག་ལས་ འབད་འོང་ཟེར་ཨིན་པས།
ཨིན་རུང་ སྤྱི་ཚོགས་ཀྱི་འཐུས་མི་བགྲེསཔ་ཅིག་གིས་ སླབ་མིའི་ནང་ གཞུང་གིས་ ལོ་ན་མ་ལང་མི་ཚུ་ བློ་གསར་ནང་བཙུགས་མིའི་གྲོས་ཐག་དེ་ གཞུང་གིས་སྲིད་བྱུས་དང་ཞིབ་འཚོལ་འབད་མི་དང་ མི་འཁྲིལ་བས་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ བློན་ཆེན་ཡིག་ཚང་ནང་ སྲིད་དོན་དང་དཔལ་འབྱོར་གྱི་གྲོས་སྟོན་འབད་མི་ མེད་པའི་སྐྱོན་ཨིན་པའི་ཁར་ ལྟ་རྟོག་འབད་མི་ཚུ་གིས་སླབ་མིའི་ནང་ བློན་ཆེན་ཡིག་ཚང་ནང་ ཁྲིམས་དོན་འགོ་དཔོན་ དགོཔ་འདུག་ཟེར་ཨིནམ་ད་ ལྷན་རྒྱས་གཞུང་ཚོགས་དྲུང་ཆེན་ཡིག་ཚང་གིས་ གནད་དོན་ཐོན་ཚད་ཅིག་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་མི་ཚར་ཟེར་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ རྒྱལ་ཁམས་ཀྱི་ཁྲིམས་རྩོདཔ་འབད་ནི་དེ་གིས་ འགན་ཁུར་སྦོམ་ཡོད་ཟེར་ ཁོ་གིས་ བཤད་པའི་ཁར་ རྩོད་དཔོན་ཡོངས་ཁྱབ་དེ་ སྲིད་དོན་ཐོག་ལས་ གདམ་འཐུ་འབད་མི་འབད་ནི་དེ་གིས་ ཁོ་གིས་ ལྷན་རྒྱས་གཞུང་ཚོགས་བལྟ་རུང་ བཏུབ་འོང་ཟེར་ཨིན་པས།
འཐུས་མི་བགྲེསཔ་གིས་འབད་བ་ཅིན་ གཞུང་གིས་ ཁས་བླངས་འབད་མི་ལ་ལོ་ ཞིབ་འཚོལ་ལེགས་ཤོམ་ མ་འབད་མི་ལུ་བརྟེན་ རྩོད་རྙོགས་ཅན་གྱི་ གནད་དོན་ལུ་ གྱུར་ནུག་ཟེར་ཨིནམ་ད་ སྤྱི་ཚོགས་ཀྱི་ འཐུས་མི་བགྲེསཔ་ཅིག་གིས་ འཕྲལ་ཁམས་ཅིག་ཁར་ གཞུང་གིས་ཐག་བཅད་མི་དེ་ གཞུང་སྐྱོང་སྒྲིང་སྒྲི་མེད་པའི་ རྟགས་ཨིན་མས་ཟེར་བཤད་ཅི།
ཨིན་རུང་ གཞུང་སྐྱོང་གི་འཐུས་མི་ཚུ་གིས་འབད་བ་ཅིན་ གྲོས་ཐག་བཅད་ནི་དང་ མི་གིས་འབྲེལ་བ་འཐབ་ཚུགས་ནིའི་དོན་ལུ་ ད་ལྟོའི་གཞུང་དེ་ སྒོ་ཡངས་སྦེ་ཡོད་ཟེར་ཨིནམ་ད་ དམིགས་བསལ་དུ་ སློབ་དཔོན་དང་གསོ་བའི་ལཱ་འབད་མི་ཚུ་གི་ དངུལ་ཕོགས་ཡར་སེང་འབད་མི་ལུ་ ངལ་རངས་བསྐྱེད་དེ་ཡོད་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ཁྲོམ་སྡེ་བཞི་ནང་ གོང་ཚད་མར་ཕབ་ཐོག་ལས་ཐོབ་མི་ མེ་རླུང་རྒྱ་རྫི་མ་ཐོབ་བཟོ་ནིའི་ གྲོས་ཐག་བཅད་མི་དེ་ཡང་ སྲིད་འབྲེལ་གྱི་གནད་དོན་ལུ་ གྱུར་ནུག་ཟེར་ བློན་ཆེན་གྱིས་གསུངས་པའི་ཁར་ གྲོག་ཐག་དེ་གིས་ཡང་ གཞུང་ལུ་ མ་དགའཝ་ཆགས་ཏེ་འདུག་ཟེར་ཨིནམ་ད་ བློན་ཆེན་གྱིས་ གྲོས་ཐག་དེ་ མ་བཅད་པའི་ཧེ་མར་ བསྟན་རྒྱས་ལྷན་ཁག་ལུ་ ཞིབ་འཚོལ་འབད་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།
བློན་ཆེན་གྱིས་ གྲོས་ཐག་དེ་གིས་ གཡུས་ཁ་ལས་ཕར་སྡོད་མི་ འབྲུག་པའི་མི་སེར་སྟོང་ཕྲག་དག་པ་ཅིག་ལུ་ ཕན་ཐོགས་ནི་ཨིན་རུང་ གཡུས་མི་ཚུ་ལུ་ མི་སྡེ་བརྡ་བརྒྱུད་ཀྱི་ མཐུན་རྐྱེན་ཚུ་ མིན་འདུག་ཟེར་ཨིནམ་ད་ བསྟན་རྒྱས་བློན་པོ་ ལོག་ནཱཋ་ཤར་མ་གིས་ སླབ་མིའི་ནང་ གྲོགས་ཐག་དེ་ ཁྲོམ་སྡེ་བཞི་ནང་སྡོད་མི་ མི་ཚུ་གི་སྡོད་གནས་ཀྱི་ཚད་གཞི་དེ་ གཞན་ཁྲོམ་ཚུ་དང་ཕྱདཔ་ད་ ལེགས་ཤོམ་ཡོད་པའི་ གནས་སྡུད་ཐོབ་མི་དང་འཁྲིལ་ ཨིན་ཟེར་ཨིན་པས།
ཨིན་རུང་ ཁྲོམ་སྡེ་ནང་སྡོད་མི་ཚུ་གིས་ གྲོས་ཐག་དེ་ལུ་ རྒྱབ་སྐྱོར་འབདཝ་ཨིན་རུང་ ཁྲོམ་སྡེ་ནང་སྡོད་མི་ཚུ་ལུ་ འབྱེམ་བཀལ་ཏེ་ ཕྱོགས་གཅིག་ལུ་ ཁེ་ཕན་འབྱུང་ནིའི་ གྲོས་ཐག་ཨིན་མས་ཟེར་བཤད་ཡོདཔ་ཨིན་པས།
བློན་ཆེན་གྱིས་ གཞུང་གིས་ གོང་ཚད་ཕབ་ཆག་མེད་མི་ མེ་རླུང་ཉོ་དགོཔ་སྦེ་ ཁྱབ་བསྒྲག་ག་དེ་ཅིག་འབད་རུང་ དངུལ་ཀྲམ་༡༩༠ ཐེབས་སྤྲོད་དེ་ དང་འདོད་བསྐྱེད་དེ་ ཉོ་འབག་མི་ མིན་འདུག་ཟེར་ཨིནམ་ད་ གོང་ཚད་ཕབ་ཆག་ཡོད་མི་རྒྱ་རྫི་དེ་ གྲོང་གསེབ་ཀྱི་བཟའ་ཚང་ཚུ་ལུ་ འཐོབ་ཚུགསཔ་བཟོ་ནིའི་ དམིགས་ཡུལ་ཨིན་ཟེར་གསུངས་ཡི།
གོང་ཚད་ཕབ་ཆག་མེད་མི་ རྒྱ་རྫི་མ་ལང་པའི་དཀའ་ངལ་མེད་པའི་ཁར་ བརྒྱ་ཆ་༢༠ ཡང་ ཉོ་འབག་མི་མེད་པའི་ཁར་ མི་ཚུ་གིས་ རྒྱ་རྫི་དེ་ལུ་ དང་འདོད་བསྐྱེད་དེ་ མཉམ་འབྲེལ་འབད་བ་ཅིན་ གྲོས་ཐག་དེ་བཟུམ་ བཅད་དགོཔ་མི་ཐོན་ཟེར་ཨིན་པས།
གཞུང་གིས་ གྲོས་ཐག་བཅད་མི་ལུ་ བསམ་པ་མ་རྫོགས་པ་ཅིན་ སྣུམ་འཁོར་པར་ཌོ་དང་ ཧའི་ལེསི་གསརཔ་བཏང་སྟེ་ སྤ་རོ་དང་ སྤུ་ན་ཁ་ དེ་ལས་ དབང་འདུས་རྫོང་ཁག་ཚུ་ནང་ལས་ གོང་ཚད་ཕབ་ཆག་གི་ རྒྱ་རྫི་འཐོབ་ཚུགས་ནི་ཨིནམ་ལས་ རྫོང་ཁག་དེ་ཚུ་ནང་ སྣུམ་འཁོར་བཏང་སྟེ་ ཉོ་བར་སོང་ཟེར་ གསུངས་ཡོད་པའི་གནས་ཚུལ། 

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *