གཞལམ་སྒང་ལུ་ སྒྲིག་གཞི་ལས་འགལ་མི་༣ ཟུར་བཞག་ཡོདཔ།

༉ སྤྱི་ཟླ་༦ པའི་ཚེས་༡༢ ལུ་ ངང་ལམ་ལས་ དགེ་ལེགས་ཕུག་ལུ་ འགྲོ་འགྲུལ་འབད་མི་༣ གྱིས་ ཏིང་ཏི་སྦིས་ལུ་ ཉེན་ཁ་ཆུང་བའི་ མི་ཚུ་དང་ འབྲེལ་བ་འཐབ་ཡོད་པའི་ ཤེས་རྟོགས་བྱུང་པའི་ཤུལ་ལས་ གཞལམ་སྒང་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ ཁོང་༣ ཆ་ར་ ཟུར་བཞག་ནང་ བཞག་ཡོདཔ་ཨིན་པས།

ཀོ་བིཌ་-༡༩ འཐོབ་ནིའི་ ཉེན་ཅན་ས་ཁོངས་ལས་ ཉེན་ཁ་ཆུང་བའི་ ས་ཁོངས་ནང་ འགྲོ་འགྲུལ་འབད་བའི་སྐབས་ ཕྱི་ཁར་ ཡང་ཅིན་ ཉེན་ཁ་ཆུང་བའི་ མི་ཚུ་དང་ འབྲེལ་བ་འཐབ་མི་ཆོག་ཟེར་ ཀོ་བིཌ་-༡༩ འི་སྒྲིག་གཞི་ནང་བཀོད་ནུག།

ལས་བྱེད་ཚོགས་ཆུང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང ཨམ་སྲུ་༢ དང་ ཕོ་སྐྱེས་ཅིག་གིས་ ཁོང་གི་སྣུམ་འཁོར་མེདཔ་ཐལ་བའི་སྐབས ཏིང་ཏི་སྦིས་ལུ་ དུས་ཡུན་ཆུ་ཚོད་༡ དེ་ཅིག་ བཀག་སྡོད་ཡོདཔ་ད་ ཉེན་ཁ་ཡོད་མི་ ས་ཁོངས་གཅིག་ལས་གཅིག་ནང་ འགྱོ་མི་ལུ་ ལྷན་ཐབས་འབདཝ་ཨིན་རུང་ དོན་མེད་འགྲུལ་སྐྱོད་འབད་ནི་ལུ་ སེམས་ཤུགས་བསྐྱེད་ནི་མེད་ཟེར་ཨིན་པས།

གལ་སྲིད་ ལམ་བདའ་སྟེ་ འགྲོ་འགྲུལ་འབད་མི་ཚུ་ལུ་ སྟབས་མ་བདེཝ་ བྱུང་པ་ཅིན་ རྫོང་ཁག་གིས་ ཆ་རོགས་འབད་དོ་ཡོད་རུང་ ཁོང་གིས་ ལས་བྱེད་ཚོགས་ཆུང་ལུ་ སྙན་ཞུ་མ་འབད་བར་ ཏིང་ཏི་སྦིས་ཀྱི་ ཟ་ཁང་ཅིག་ནང་ སོང་ནུག་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

སྣུམ་འཁོར་དེ་ ཏིང་ཏི་སྦིས་ལུ་ བཀག་བཞག་མི་དེ་ རྫོང་ཁག་འཛམ་གླིང་ལྟ་ཞིབ་སྡེ་ཕྲན་གྱིས་ མཐོང་གསལ་བྱུང་ཡོདཔ་ད་ ལྟ་རྟོག་དེ་གི་ཐོག་ལས་ ཉེན་ཁ་ཡོད་མི་ས་ཁོངས་གཅིག་ལས་གཅིག་ནང་ འགྲོ་འགྲུལ་འབད་མི་ཚུ་ ལྟ་རྟོག་འབདཝ་ཨིན་པས།

ངང་ལམ་ལས་ གཞལམ་སྒང་རིན་ལྡི་སྦིས་ཚུན་ ཉེན་ཁ་ཆེ་བའི་ ས་ཁོངས་སྦེ་ ངོས་འཛིན་འབད་དེ་ཡོདཔ་ད་ གསར་སྤང་རྫོང་ཁག་གི་ ཉེན་ཁ་ཆེ་བའི་ ས་ཁོངས་ནང་ མ་འཛུལ་ཚུན་ རིན་ལྡི་སྦིས་ལས་ ལྟག་མ་ལ་ཚུན་ ཉེན་ཁ་ཉུང་སུ་ཡོད་པའི་ ས་ཁོངས་སྦེ་ ངོས་འཛིན་འབད་དེ་ཡོདཔ་ཨིན་པས།

ཁོང་ག་ར་ ཀོ་བིཌ་-༡༩ འི་ཨིན་ཊི་ཇེན་ བརྟག་དཔྱད་འབད་བའི་སྐབས་ ནད་རྟགས་མེད་པའི་ གྲུབ་འབྲས་ཐོན་ཡོདཔ་ད་ གཏན་འཁེལ་གྱི་བརྟག་དཔྱད་ ཨར་ཊི་-པི་སི་ཨར་དེ་ ཟུར་བཞག་གི་ དུས་ཡུན་ཚང་པའི་ཤུལ་ལས་ འབད་ནི་ཨིན་པས།

ཟུར་བཞག་གི་ ཟད་འགྲོ་དེ་ ཁོང་ར་གིས་ གཏང་དགོཔ་ད་ གནད་དོན་དེ་ ཞིབ་དཔྱད་ཀྱི་དོན་ལུ་ ཁྲིམས་སྲུང་འགག་པ་ལུ་ གཏང་ནི་ཨིན་པས།

ད་རེས་ ཉེན་ཁ་ཆུང་བའི་ ས་ཁོངས་ལས་བརྒྱུད་དེ་འགྱོ་མི་ ཉེན་ཅན་ས་ཁོངས་ནང་འཁོད་ལུ་ འགྲོ་འགྲུལ་འབད་མི་ཚུ་ ལྟག་མ་ལ་དང་ རིན་ལྡི་སྦིས་ཞིབ་དཔྱད་སྒོ་ར་ལས་ ཕྱི་རུའི་ཆུད་ཚོད་༦ འབྱིད་ཞིནམ་ལས་ གཏང་ནི་མེད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *