གནས༌ཚུལ༌མདོར༌བསྡུས།

འབྲུག་གི་དངུལ་ཁང་ གཞི་བཙུགས་འབད་དེ་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་གི་དོན་ལུ་ གྲ་སྒྲིག་འབདཝ་དང་འབྲེལ་ ཁ་ཙ་ དུས་སྟོན་བརྩི་སྲུང་གི་ ལས་རྟགས་དེ་ འགོ་འབྱེད་འབད་ཡོདཔ་ད་ དངུལ་ཁང་གི་ བཀོད་ཁྱབ་གཙོ་འཛིན་ པདྨ་ན་དིག་གིས་ བཤད་མིའི་ནང་ འབྲུག་གི་དངུལ་ཁང་གིས་ སྤྱི་ལོ་༢༠༡༨ ཟླ་༡ པ་ལས་འགོ་བཙུགས་ ལོ་ངོ་༡ གི་རིང་ དུས་སྟོན་བརྩི་སྲུང་འབད་ནི་ཨིནམ་བཞིན་དུ་ ལས་སྣ་ཚུ་ཡང་ མི་མང་དང་ དངུལ་ཁང་གི་ལས་བྱེདཔ་ ལས་མགྲོན་པ་ཚུ་ འབྲེལ་གཏོགས་ཐོག་ དོན་སྨིན་ཅན་སྦེ་ བརྩི་སྲུང་འབད་ནི་ཟེར་ཨིན་པས།
རྒྱལ་ཁབ་ནང་ དངུལ་ཁང་རྙིང་ཤོས་ཅིག་ཨིན་མི་ འབྲུག་གི་དངུལ་ཁང་དེ་ སྤྱི་ལོ་༡༩༦༨ ཟླ་༥ པའི་ཚེས་༢༨ ལུ་ གཞི་བཙུགས་འབད་ཡོད་པའི་གནས་ཚུལ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *