གནས་ཚུལ་མདོར་བསྡུས།

རང་ཟླ་༦ པའི་ཚེས་༤ སྤྱི་ཟླ་༧ པའི་ཚེས་༡༤ ལུ་ སྟོན་པ་ཐུབ་པའི་དབང་པོ་གིས་ ཝ་ར་ཎ་སི་ལུ་ བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ དུས་ཆེན་ཁྱད་པར་ཅན་དང་བསྟུན་ གཞུང་དགེ་འདུན་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་བགྲེསཔ་ བསམ་བརྟན་རྡོ་རྗེ་གིས་ ནང་པའི་ཆོས་འབྲེལ་གྱི་ ཁྲིམས་དོན་གཞི་རྩ་དང་ རྩ་ཁྲིམས་ཆེན་མོའི་ སྔ་གོང་གཞི་རྩའི་དཔེ་དེབ་ གསར་བཏོན་གནང་ཡི། 

འབྲུག་གི་ཁྲིམས་སྤྱི་བློན་པོ་བགྲེསཔ་ བསོད་ནམས་སྟོབས་རྒྱས་དང་ ཇེཕ་རི་ཨ་བི་ན་༢ ཀྱིས་ རྩོམ་བྲིས་འབད་མི་ དཔེ་དེབ་ནང་ སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ནང་ལས་ ཁྲིམས་དེབ་དང་ ཁྲིམས་ལུགས་ ཁྲིམས་དོན་གཞི་རྩ་ཚུ་ ཕྱོགས་སྒྲིག་འབད་ཡོདཔ་མ་ཚད་ མི་སྡེའི་བྱ་སྤྱོད་དང་ ཁྲིམས་ཀྱི་ཉེན་སྐྱོབ་ཐབས་ལམ་གྱི་ གཞི་རྩ་ཚུ་ཡང་ བཀོད་དེ་འདུག།

དཔེ་དེབ་གསར་བཏོན་གྱི་ རྟེན་འབྲེལ་དེ་ཡང་ ཐིམ་ཕུག་ལྕང་སྒྱིད་དར་ཕུ་ལུ་ ཁྲིམས་སྤྱི་བློན་པོ་བགྲེསཔ་ ཁོ་རའི་གཟིམ་ཅུང་གི་ ས་གོ་ནང་ བརྩི་ཡོད་པའི་གནས་ཚུལ།

About admin

Check Also

དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་མཚམས་འཇོག།

༉ འབྲུག་གོང་འཕེལ་དངུལ་ཁང་དང་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ དེ་ལས་ རྒྱལ་ཡོངས་སི་ཨེསི་ཨའི་གོང་འཕེལ་དངུལ་ཁང་ནང་ སྐྱིན་ཚབ་བཏབ་མ་ཚུགས་མི་ མཐོ་དྲགས་ཡོད་མི་ལུ་བརྟེན་ དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་འཛིན་གྲོལ་འབད་ནི་ མཚམས་འཇོག་འབད་ནུག། དེ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ བཀའ་རྒྱ་དང་འཁྲིལ་ཏེ་ཨིནམ་ད་ …

Leave a Reply

Your email address will not be published. Required fields are marked *