གནས་ཚུལ་མདོར་བསྡུས།

བསམ་རྩེ་ནགས་ཚལ་སྡེ་ཚན་གྱིས་ རྒྱ་མཚོའི་གནས་ཚད་ལས་ མི་ཊར་༢,༧༧༥ དེ་ཅིག་ཡོད་མི་ ས་ཁ་མཐོ་སར་ པར་ཆས་ཀེ་མ་ར་ཅིག་ བཙུགས་བཞག་མི་དེ་ནང་ འཕྲལ་ཁམས་ཅིག་ཁར་ གཅན་གཟན་སྟག་ཕོ་༡ ཚུད་ཡོད་སར་ མཐོང་གསལ་བྱུང་མི་དེ་ འགོ་དང་པ་ཨིན་པས། 

སྤྱི་ལོ་༢༠༡༤-༢༠༡༥ ལུ་ རྒྱལ་ཁབ་ནང་འཁོད་ལུ་ གཅན་གཟན་སྟག་གི་ བརྟག་ཞིབ་འབདཝ་ད་ བསམ་རྩེ་རྫོང་ཁག་ནང་ སྟག་ཕུད་རྡོག་གཅིག་ཡང་ཡོད་པའི་ མཐོང་གསལ་མ་བྱུངམ་ལས་ ད་རེས་ གནས་ཐོ་ནང་ ཚུད་མི་དེ་ ཧ་ལས་དགོཔ་ཅིག་ཨིན་མས་ཟེར་ ནགས་ཚལ་སྡེ་ཚན་གྱི་ གཙོ་འཛིན་ངོ་ཚབ་ བསོད་ནམས་དབང་ཕྱུག་གིས་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *