གནས་ཚུལ་མདོར་བསྡུས།

ཕྱི་འབྲེལ་ལྷན་ཁག་གིས་ འཕྲུལ་རིག་དང་ དཔལ་འབྱོར་མཉམ་འབྲེལ་མཐུན་ཚོགས་ ༼བིམསི་ཊེག༽ གཞི་བཙུགས་ཀྱི་ཉིནམ་དེ་ ཁ་ཙ་ རྒྱལ་རབས་ཅན་གྱི་ ཐིམ་ཕུག་ལྕང་སྒང་ཁ་ལྷ་ཁང་ནང་ དཀར་མེ་སྟོང་མཆོད་ཕུལ་ཐོག་ལས་ བརྩི་སྲུང་འབད་ཡོདཔ་ད་ དུས་སྟོན་དེ་ནང་ སྐུ་མགྲོན་གཙོ་བོ་སྦེ་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་བྱོན་བྱོན་ཡོདཔ་ཨིན་པས།

བིམསི་ཊེག་ལས་སྡེ་དེ་ སྤྱི་ལོ་༡༩༩༧ ཟླ་༦ པའི་ནང་ ཨའི་ཨེསི་ཊི་-ཨི་སི་ཟེར་ རྒྱ་གར་དང་ ཤྲཱི་ལངྐ་ ཐའི་ལེནཌ་ དཔལ་འབྱོར་མཉམ་འབྲེལ་སྦེ་ གཞི་བཙུགས་འབད་བའི་ཤུལ་ལས་ འབྲུག་གིས་ སྤྱི་ལོ་༢༠༠༤ ལུ་ འཐུས་མི་སྦེ་ འཛུལ་ཞུགས་འབད་ཡོདཔ་བཞིན་དུ་ ཐའི་ལེནཌ་ལུ་ ལས་སྡེའི་ཞལ་འཛོམས་འགོ་དང་པ་ འགོ་འདྲེན་འཐབ་པའི་སྐབས་ མིང་ཡང་བིམསི་ཊེག་སྦེ་ བསྒྱུར་བཅོས་འབད་ཡོད་པའི་གནས་ཚུལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *