གནས་ཚུལ་མདོར་བསྡུས།

རྫོང་བདག་༣ གསར་བསྐོས། མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཁ་ཙ་ བཀྲིས་ཆོས་རྫོང་ནང་སྦེ་ བུམ་ཐང་དང་ ཧཱ་ ཀྲོང་གསར་གྱི་ རྫོང་བདག་ཚུ་ལུ་ གོ་གནས་གསར་བསྐོའི་ ལེགས་དར་གནང་ནུག།

དེ་ཡང་ ན་ལོན་དང་ཆེ་རིམ་ཤེས་ཡོན་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་སྦེ་ ཕྱག་ཞུ་མི་ སྐལ་བཟང་ཆོས་སྒྲོན་རྡོ་རྗེ་༼སྦུག་ལུ༽ བུམ་ཐང་རྫོང་བདག་གསརཔ་ཨིནམ་ད་ སོ་ནམ་དང་ནགས་ཚལ་ལྷན་ཁག་ ཞབས་ཏོག་ལས་ཁུངས་ཀྱི་མདོ་ཆེན་ རབ་རྒྱས་སྟོབས་ལྡན་༼གཡས་ཁ་ཐུག་༽དེ་ ཧཱ་རྫོང་བདག་དང་ བཟོ་སྐྲུན་གོང་འཕེལ་བཀོད་ཚོགས་ཀྱི་མདོ་ཆེན་ ཕུརཔ་རིག་འཛིན་དེ་ ཀྲོང་གསར་རྫོང་བདག་གསརཔ་ཨིན་པས། 

འབྲུག་གི་རྩ་ཁྲིམས་ཆེན་མོའི་རྩ་ཚན་༢.༡༩ དང་འཁྲིལ་ བློན་ཆེན་གྱིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལས་ གདམ་ངོ་ཚུ་ལེན་ཏེ་ གྲོས་འདེབས་ཕུལ་ཐོག་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྫོང་བདག་ཚུ་ བསྐོ་བཞག་གནངམ་ཨིན་པའི་གནས་ཚུལ། 

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *