སྤྱི་ཟླ་༡༠ པའི་ཚེས་༩ ལུ་ ཨ་སམ་གཞུང་གི་ ལྟ་བཤལ་ལས་ཁུངས་ཀྱིས་ ཐིམ་ཕུག་ལུ་སྦེ་ ལྟ་བཤལ་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་སྐབས་ ཨ་སམ་ལྟ་བཤལ་ལས་ འཐུས་མི་༡༨ འབད་མི་ སྡེ་ཚན་ཅིག་དང་ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ ཇའི་དིབ་སར་ཀར་ འབྲུག་གཞུང་གི་འགོ་དཔོན་ ཨ་སམ་ལམ་སྲོལ་སྡེ་ཚན་ རྒྱ་གར་ལས་ ལྟ་བཤལ་ལག་ལེན་པ་ དེ་ལས་ འབྲུག་ལས་ ལྟ་བཤལ་ལག་ལེན་པ་༨༥ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ལྟ་བཤལ་ལས་རིམ་སྐབས་ གསུང་བཤད་དང་ ཨ་སམ་གྱི་ཞབས་ཁྲ་ གསལ་བཤད་ དེ་ལས་ འབྲུག་མི་དང་ ཨ་སམ་ལྟ་བཤལ་ལག་ལེན་པ་ཚུ་གི་བར་ན་ ཕན་ཚུན་འབྲེལ་བ་ཚུ་ འཐབ་ཡོད་པའི་གནས་ཚུལ།
