གནས་ཚུལ་མདོར་བསྡུས།

ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་ནང་ རྒྱལ་ཡོངས་འཆར་དངུལ་ སྙན་ཞུ་ཕུལཝ་དང་འབྲེལ་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ རྩིས་ལོ་༢༠༢༠-༢༡ གི་འཆར་དངུལ་དཔྱ་བགོའི་ནང་ དངུལ་བསྡོམས་དངུལ་ཀྲམ་ས་ཡ་༧༣,༩༨༩ ལྷགཔ་ཅིག་ཡོདཔ་བཞིན་དུ་ ནང་འཁོད་འོང་འབབ་ མར་བབས་སོང་ཡོད་རུང་ རྩིས་ལོ་དེ་གི་ ལོ་བསྟར་འཆར་དངུལ་དེ་ བརྒྱ་ཆ་༡༤ ཡར་སེང་སྟེ་ཡོད་ཟེར་ ཞུ་ཡོདཔ་ད་ གཞུང་གིས་ རྩིས་ལོ་དེ་ནང་ གསར་སྒྲུབ་ཀྱི་ མ་དངུལ་འབོར་ཆེ་ཏོག་ཏོ་ ཡར་སེང་འབད་མི་དེ་ཡང་ འཆར་དངུལ་ཡོངས་བསྡོམས་ལས་ རྒྱུན་སྐྱོང་ཟད་འགྲོའི་དོན་ལུ་ དངུལ་ཀྲམ་ས་ཡ་༣༢,༩༠༠ འབདཝ་ད་ བརྒྱ་ཆ་༤༤ དང་ གསར་སྒྲུབ་ཟད་འགྲོའི་དོན་ལུ་ དངུལ་ཀྲམ་ས་ཡ་༣༦,༢༥༡ (བརྒྱ་ཆ་༤༩) བཞག་ཡོད་པའི་གནས་ཚུལ།

About admin

Check Also

སློབ་དཔོན་ཚུ་གིས་ སློབ་ཕྲུག་ཉམ་ཆུང་ཚུ་ལུ་ འགྲུལ་འཕྲིན་གྱི་ རྒྱབ་སྐྱོར་པ་འཚོལ་ཡོདཔ།

༉ སློབ་དཔོན་ཚུ་གིས་ སློབ་ཕྲུག་ཚུ་ལུ་ སློབ་སྟོན་འབད་ནི་ལས་ལྷག་པའི་ འགན་ཁུར་གཞན་ཡང་ འབག་དོ་ཡོདཔ་ཨིན་པས། དེ་ཡང་ ཕུན་ཚོགས་གླིང་བསོད་ནམས་སྒང་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་དཔོན་༢ ཀྱིས་ སློབ་ཕྲུག་ཉམ་ཆུང་ཚུ་ལུ་ རྒྱབ་སྐྱོར་འབད་མི་ལས་ གསལ་སྟོན་འབདཝ་ཨིན་པས། སློབ་ཕྲུག་ལ་ལོ་ཅིག་ལུ་ ཡོངས་འབྲེལ་ཐོག་ལས་ …

Leave a Reply

Your email address will not be published. Required fields are marked *