གནས་ཚུལ་མདོར་བསྡུས།

མི་སྡེ་ཚུ་ནང་ རྩོད་རྙོགས་ཐོནམ་ད་ ནང་ཁ་ནང་འགྲིགས་ཐོག་ལས་ དོན་སྨིན་ཅན་སྦེ་ སེལ་ཐབས་ལུ་ རྒྱལ་ཁབ་ནང་འཁོད་ཀྱི་ ས་གནས་གཞུང་གཉིས་པའི་ དམངས་མི་དང་ ཚོགས་པ་ཚུ་གི་དོན་ལུ་ གོ་རིམ་༢ པའི་ སྦྱོར་བརྡར་ལས་རིམ་དེ་ འགོ་བཙུགས་ཡོད་མི་དེ་ཡང་ ཉིན་གྲངས་༣ འབད་མི་ སྦྱོང་བརྡར་དེ་ ཁ་ཙ་ ཧཱ་ལུ་སྦེ་ འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེའི་གཙོ་འཛིན་ མི་དབང་རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གིས་ འགོ་འབྱེད་གནང་ནུག། ནང་ཁ་ནང་འགྲིགས་ཀྱི་ སྦྱོང་བརྡར་ནང་ ཧཱ་རྫོང་ཁག་ལས་ བཙག་འཐུ་གྲུབ་མི་ དམངས་མི་༦ དང་ ཚོགས་པ་༣༠ སྤ་རོ་རྫོང་ཁག་ལས་ དམངས་མི་༦ དང་ ཚོགས་པ་༤༥ གིས་ བཅའ་མར་གཏོགས་ཏེ་ཡོདཔ་ད་ གོ་རིམ་༢ པའི་ནང་ རྒེད་འོག་༢༠༥ ནང་ལས་ བཙག་འཐུ་གྲུབ་མི་ དམངས་མི་༡༣༥ དང་ ཚོགས་པ་གསརཔ་༨༡༣ འབདཝ་ད་ ས་གནས་གཞུང་གི་ འགོ་ཁྲིདཔ་བསྡོམས་༩༤༨ ལུ་ སྦྱོང་བརྡར་བྱིན་ནི་ཨིན་པའི་གནས་ཚུལ།

About admin

Check Also

གསོ་རིག་གཙུག་ལག་སློབ་སྡེའི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།

༉ སྤྱི་ཟླ་༡ པའི་ཚེས་༣༠ ལུ་ གསོ་བའི་ཤེས་ཡོན་ལས་རིམ་ ཡར་དྲག་གཏང་ནི་ནང་ གསོ་བ་ལྷན་ཁག་དང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་༢ མཉམ་འབྲེལ་གོང་འཕེལ་གཏང་ནིའི་དོན་ལུ་ གོ་བརྡའི་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས། གོ་བརྡའི་ཆིངས་ཡིག་ཅིག་གི་ དམིགས་ཡུལ་དེ་ཡང་ གསོ་བའི་ལས་བྱེདཔ་ཚུ་ལུ་ འཇོན་ཐངས་ཅན་དང་ …

Leave a Reply

Your email address will not be published. Required fields are marked *