གནས་ཚུལ་མདོར་བསྡུས།

འབྲུག་རྒྱལ་ཁབ་ནང་ སྤྱི་ཟླ་༩ པའི་ཚེས་༡༥ ལས་༡༨ ཚུན་ ཉིན་གྲངས་༤ གི་རིང་ ལྟ་སྐོར་ལུ་འོང་མི་ ཇ་པཱན་རྒྱལ་སྤྱི་མཉམ་འབྲེལ་ལས་སྡེ་ ཇའི་ཀ་གི་ བཀོད་ཁྱབ་གཙོ་འཛིན་འོག་མ་ ཀ་ཛུ་ཧི་ཀོ་ ཀོ་ཤི་ཀ་ཝ་གིས་འབད་བ་ཅིན་ རྒྱལ་ཁབ་གཉིས་ཀྱི་བར་ན་ ཟུང་ཕྱོགས་མཐུན་འབྲེལ་ལས་ འབྲུག་ལུ་ ཕན་ཐོགས་བྱུང་ཡོདཔ་བཟུམ་ ཇ་པཱན་ལུ་ཡང་ ཕན་ཁྱད་བྱུང་སྟེ་ཡོད་ཟེར་ཨིནམ་ད་ ཁོ་གིས་ རྒྱལ་ཁབ་ནང་ སྡོད་པའི་རིང་ལུ་ ཧཱ་ཁྱུང་བདུད་དྲག་དམག་སློབ་གྲྭ་ལྟེ་བའི་ནང་ ཇ་པཱན་གྱི་ ཁས་བླངས་པ་༣ གྱིས་ འགོ་འདྲེན་འཐབ་མི་ ཤོག་རྩལ་དང་ རི་མོའི་འགྲེམས་སྟོན་ཅིག་ འགོ་འབྱེད་འབད་ཡོདཔ་མ་ཚད་ དབང་འདུས་ཕོ་བྲང་བ་འཇོ་ལུ་ སོ་ནམ་ཞིབ་འཚོལ་དང་ གོང་འཕེལ་ལྟེ་བའི་ནང་ ལྟ་སྐོར་འབད་ཡོད་པའི་གནས་ཚུལ།

About admin

Check Also

གསོ་རིག་གཙུག་ལག་སློབ་སྡེའི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།

༉ སྤྱི་ཟླ་༡ པའི་ཚེས་༣༠ ལུ་ གསོ་བའི་ཤེས་ཡོན་ལས་རིམ་ ཡར་དྲག་གཏང་ནི་ནང་ གསོ་བ་ལྷན་ཁག་དང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་༢ མཉམ་འབྲེལ་གོང་འཕེལ་གཏང་ནིའི་དོན་ལུ་ གོ་བརྡའི་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས། གོ་བརྡའི་ཆིངས་ཡིག་ཅིག་གི་ དམིགས་ཡུལ་དེ་ཡང་ གསོ་བའི་ལས་བྱེདཔ་ཚུ་ལུ་ འཇོན་ཐངས་ཅན་དང་ …

Leave a Reply

Your email address will not be published. Required fields are marked *