ཨ་སམ་གྱི་ལམ་བཀག།
༉ ད་རིས་དྲོ་པའི་ཆུ་ཚོད་༥ ལས་འགོ་བཙུགས་ དུས་ཡུན་ཆུ་ཚོད་༡༢ ཀྱི་རིང་ རྒྱ་གར་ཨ་སམ་ལུ་ ཨ་དི་བ་ཤི་ མུག་ཏི་ སང་ག་རེན་ ས་མི་ཏི་གིས་ ངོ་རྒོལ་འགྲེམས་སྟོན་ འགོ་འདྲེན་འཐབ་དོ་ཡོདཔ་ལས་ ཨ་སམ་གཞུང་ལམ་བདའ་སྟེ་ རྒྱུན་འགྲུལ་འཐབ་མི་ཚུ་ལུ་ བར་ཆད་རྐྱབ་འོང་ཟེར་ཨིན་པས།
དེ་འབདཝ་ལས་ འབྲུག་གི་སྣུམ་འཁོར་ཚུ་ ཨ་སམ་གཞུང་ལམ་བདའ་སྟེ་ རྒྱུན་འགྲུལ་འཐབ་ནི་ཚུ་ བཀག་འཛིན་འབད་ནི་ཨིན་པའི་གནས་ཚུལ།