༉ ཁ་ཙ་ཕྱི་རུ་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་ ཨེསི་ཨེ་ཨེཕ་ཨེཕ་ཟེར་མི་ ལྷོ་ཨེ་ཤི་ཡའི་ ཕུཊ་བཱོལ་ཚོགས་སྡེའི་ འགྲན་བསྡུར་དེ་ནང་ འབྲུག་རྒྱལ་ཡོངས་སྡེ་ཚན་གྱིས་ རེ་བ་བསྐྱེད་དོ་བཟུམ་སྦེ་ར་ མཱལ་ཌིབསི་སྡེ་ཚན་ལུ་ གཱོལ་༡ བཙུགས་ཏེ་ ཕམ་བཏང་ཡོདཔ་ད་ དེ་གི་ཧེ་མར་ བང་ལ་དེཤ་དང་ རྒྱ་གར་གྱི་བར་ན་ རྩེད་འགྲན་དང་པ་དེ་ རྩེད་བའི་སྐབས་ བང་ལ་དེཤ་གིས་ གཱོལ་༤-༣ བཙུགས་ཏེ་ རྒྱ་གར་ལས་ རྒྱལ་ཁ་ཐོབ་ཅི།
ནངས་པར་ འབྲུག་དང་ ནེ་པཱལ་ དེ་ལས་ བང་ལ་དེཤ་དང་ མཱལ་ཌིབསི་སྡེ་ཚན་གྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པས།
སྐྱེས་ལོ་༡༨ མན་ཆད་འབད་མི་ རྩེད་འགྲན་པ་ཚུ་གི་དོན་ལུ་ འབྲུག་གིས་ འགོ་འདྲེན་འཐབ་མི་ ཨེསི་ཨེ་ཨེཕ་ཨེཕ་རྩེད་འགྲན་དེ་ ཐེངས་དང་པ་ཨིན་པའི་གནས་ཚུལ།