གནས་ཚུལ་མདོར་བསྡུས།

ཁ་ཙ་ ལུང་བསྟན་ཕུག་ལུ་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བསྟན་སྐྱོང་གླིང་ལས་ བདེ་སྲུང་སྦྱོང་བརྡར་ལས་རིམ་ཤོ་ཐེངས་༢༦ པའི་ནང་ དམག་སྦྱོང་མཇུག་བསྡུ་མི་ བདེ་སྲུངཔ་ཚུ་དང་ མཇལ་ཕྲད་མཛད་གནང་ནུག།

ཕོ་སྐྱེས་༡༡༡ དང་ ཨམ་སྲུ་༡༤ ཁས་བླངས་ཀྱི་ཐོག་ལས་ བདུན་ཕྲག་༢ ཀྱི་རིང་ སྦྱོང་བརྡར་འབད་མི་དེ་ སྤྱི་ཟླ་༩ པའི་ཚེས་༡༦ ལུ་ མཇུག་བསྡུ་ཡོདཔ་ད་ བདུན་ཕྲག་༢ ཀྱི་ ལས་རིམ་ནང་ ཞི་གཡོག་དང་ རང་སྐྱོང་ལས་སྡེ་ ལས་འཛིན་ སྒེར་སྡེ་ཚུ་ལས་ བཀོད་ཁྱབ་གནས་རིམ་གྱི་ འགན་འཁྲི་འབག་མི་ཚུ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ ད་རིས་ཀྱི་ ཤོ་ཐེངས་ནང་ སྦྱོང་བརྡར་འབད་མི་ཚུ་བརྩིསཝ་ད་ སྤྱི་ལོ་༢༠༡༡ ལུ་ བདེ་སྲུང་ལས་རིམ་ འགོ་བཙུགས་ཞིནམ་ལས་ཚུར་ ད་ཚུན་གྱི་བར་ན་ བདེ་སྲུངཔ་བསྡོམས་༣,༡༢༨ ཀྱིས་ སྦྱོང་བརྡར་འབད་ཡོདཔ་ཨིན་པས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཧཱ་རྫོང་ཁག་ནང་ ཉིན་གྲངས་༡༠ གྱི་རིང་ ཆིབས་སྐྱོད་གནང་པའི་ཤུལ་ལས་ ཁ་ཙ་ ཐིམ་ཕུག་ལུ་ ལོག་ཕེབས་གནང་ཡོད་པའི་གནས་ཚུལ།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *