གནས་ཚུལ་མདོར་བསྡུས།

༉ ཁ་ཙ་ ཐིམ་ཕུག་ ལྕང་གླིང་མི་ནང་སྦེ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་རྗེས་དྲན་གྱི་ རང་ལུགས་སྤང་ཤིང་ཐོག་གི་ མདའ་རྩེད་འགྲན་བསྡུར་གྱི་ མཐའ་བཅད་རྩེད་འགྲན་ནང་ བྷུ་དིས་ ཨཱཊི་སྡེ་ཚན་དང་ ཨོ་རྒྱན་ནོར་ལྷའི་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ བྷུ་དིས་ ཨཱཊི་གྱིས་ སྐུགས་༢ སྦྱེལཝ་སྦྱེལ་སར་ཆོད་དེ་ རྒྱལ་ཁ་ཐོབ་ཅི།
མདའ་རྩེད་འགྲན་བསྡུར་དེ་ འབྲུག་རང་ལུགས་རྩེད་རིགས་ཚོགས་པ་གིས་ འགོ་འདྲེན་འཐབ་ཡོདཔ་ད་ རྒྱལ་ཐོབ་མི་ སྡེ་ཚན་གྱི་ མདའ་རྩེཔ་རེ་ལུ་ གསོལ་རས་སྦེ་ ཚེ་དཔག་མེད་ཀྱི་ སྐུ་འདྲ་རེ་ བྱིན་ཡོདཔ་བཞིན་དུ་ འགྲན་བསྡུར་ནང་ སྡེ་ཚན་༢༩ གྱིས་ བཅའ་མར་གཏོགས་ཡོདཔ་ ཨིན་པའི་གནས་ཚུལ།

About admin

Check Also

འབྲུག་གིས་ འཛམ་གླིང་ཕི་ན་རྩལ་གྱི་ འགྲན་བསྡུར་ནང་ བཅའ་མར་གཏོགས་ནི།

༉ རྩལ་རྐྱབ་མི་ སངས་རྒྱས་བསྟན་འཛིན་དང་ ཀུན་ལེགས་ལྷུན་གྲུབ་༢ ཀྱིས་ འབྲུག་གི་ངོ་ཚབ་སྦེ་ ཌུ་བའེ་གི་ས་གནས་ ཡུ་ནའེ་ཊེཊ་ ཨ་རབ་ ཨི་རེཊསི་ལུ་སྦེ་ འཛམ་གླིང་ཕི་ན་རྩལ་གྱི་ འགྲན་བསྡུར་ནང་ བཅའ་མར་གཏོགས་ནི་ཨིན་པས། ཕི་ན་རྒྱལ་སྤྱི་རྩལ་གྱི་ ཚོགས་སྡེའི་རྒྱབ་སྐྱོར་ཐོག་ལས་ …

Leave a Reply

Your email address will not be published. Required fields are marked *