གནས་ཚུལ་མདོར་བསྡུས།

ཁ་ཙ་ཕྱི་རུའི་ཆུ་ཚོད་༦ ལས་ ཀྲོང་གསར་དང་ གཞལམ་སྒང་གི་ གཞུང་ལམ་བདའ་སྟེ་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་ནི་དེ་ བཀག་ཆ་འབད་མི་དེ་ཡང་ མང་སྡེ་ཆུ་གློག་མེ་ལས་འགུལ་དབང་འཛིན་གྱིས་ མི་ཊར་༦༥༠ འབད་མི་ ལམ་བདའ་སྟེ་ རྩི་ས་གཏང་ནིའི་ལཱ་ འགོ་བཙུགས་མི་ལུ་བརྟེན་ཨིན་པས།
ལམ་སྒོ་བསྡམ་བཞག་ནི་གི་ གྲོས་ཆོད་དེ་ཡང་ ཀྲོང་གསར་རྫོང་ཁག་ཚོགས་འདུ་གིས་ ལོ་བསྟར་བཞིན་དུ་ ས་རུད་ཆད་དེ་ ལམ་བཀག་མི་ རྫོང་ཁ་ལུངམ་གི་ལམ་གུ་ ཁག་འབགཔ་ཚུ་གིས་ རྩི་ས་གཏང་བཅུག་ཐབས་ལུ་ཨིནམ་ད་ གཞུང་ལམ་དེ་ སྤྱི་ཟླ་༩ པའི་ཚེས་༡༡ གི་དྲོ་པ་ལས་ རྒྱུན་འགྲུལ་གྱི་དོན་ལུ་ ལོག་སྒོ་ཕྱེ་ནི་ཨིན་པའི་གནས་ཚུལ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *