གནས་ཚུལ་མདོར་བསྡུས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཟླ་༡༠ པའི་ཚེས་༡༩ གི་དྲོ་པར་ རིན་སྤུངས་རྫོང་ནང་སྦེ་ སྤ་རོ་རྫོང་ཁག་གི་ ཁེ་ཕན་ཐོབ་མི་༨,༥༣༢ ལུ་ ས་ཆའི་སྐྱིད་སྡུག་གནང་ཡོདཔ་ད་ སའི་སྐྱིད་སྡུག་དེ་ཡང་ སྤྱི་ལོ་༢༠༠༧ ལུ་ འབྲུག་མངའ་བདག་རྒྱལ་པོ་མཆོག་གིས་ རྒྱལ་ཡོངས་ཀྱི་ ས་ཆ་བསྐྱར་འཇལ་ཐོག་ གཞི་བསྒྱུར་འགོ་བཙུགས་ཀྱི་ བཀའ་རྒྱ་གནང་མི་དང་འཁྲིལ་ཨིན་པས།
རྒྱལ་ཁབ་ནང་འཁོད་ཀྱི་ ས་ཆ་ཡོངས་རྫོགས་སྦེ་ བསྐྱར་འཇལ་འབད་བའི་ཤུལ་ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ རྫོང་ཁག་༡༨ ནང་ ས་ཆའི་སྐྱིད་སྡུག་གནང་པའི་ཁར་ ས་ཆ་ཐེབས་འཆང་པའི་ ཉེས་བྱ་ཚུ་ དགོངས་ཡངས་གནང་ཡོདཔ་ད་ ད་ཚུན་ འབྲུག་རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེད་པའི་ ཁེ་ཕན་ཅན་གྱི་ མི་སེར་༡༣༡,༨༠༡ ལུ་ ས་ཆ་ཨེ་ཀར་༡༣༧,༧༤༥ ལྷགཔ་ཅིག་ སྐྱིད་སྡུག་གནང་ཡོད་པའི་གནས་ཚུལ།

About admin

Check Also

བགོ་བཤའ་ཚུ་ལུ་ ཚད་ལས་བརྒལ་བའི་ རིན་བསྡུར་འབད་མི་ཐོན་ཡོདཔ།

༉ རྒྱལ་གཞུང་འགན་ལེན་བདོག་གཏད་བརྗེ་སོར་ཁང་གིས་ འབྲུག་རྒྱལ་ཡོངས་དངུལ་ཁང་དང་ རྒྱལ་གཞུང་ཉེན་བཅོལ་ལས་འཛིན་གྱི་ བགོ་བཤའ་ཚུ་ བཙོང་པའི་སྐབས་ རིན་བསྡུར་འབད་མི་ ཚད་ལས་བརྒལ་ཏེ་ ཐོན་ཡོདཔ་ཨིན་པས། རྒྱལ་གཞུང་འགན་ལེན་བདོག་གཏད་བརྗེ་སོར་ཁང་གི་ བཀོད་ཁྱབ་གཙོ་འཛིན་ རྡོ་རྗེ་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ བགོ་བཤའ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *