གནས་ཚུལ་མདོར་བསྡུས།

རིང་ཚད་ཀི་ལོ་མི་ཊར་༡༦.༦༧ འབད་མི་ རེ་འཕེལ་དང་ ཀོ་ཤ་ལའི་ཕྲང་ལམ་དེ་ སྤྱི་ཟླ་༡༠ པའི་ཚེས་༡༩ ལུ་ ཞབས་ཏོག་བློན་པོ་རྡོ་རྗེ་ཚེ་རིང་གིས་ གཞུང་འབྲེལ་ཐོག་ལས་ འགོ་འབྱེད་འབད་ཡི།
ཕྲང་ལམ་དེ་ལུ་བརྟེན་ ཀྲོང་གསར་དང་ དགེ་ལེགས་ཕུག་གི་བར་ན་ འགྲོ་འགྲུལ་གྱི་དུས་ཡུན་ ཆུ་ཚོད་༡ དེ་ཅིག་གི་ མར་ཕབ་འབད་ཚུགས་ནི་ཨིནམ་ད་ ལམ་འགྲུལཔ་ཚུ་ ཧེ་མའི་ གཞུང་ལམ་རྙིངམ་བདའ་སྟེ་ འགྱོ་མི་དགོ་ནི་ཨིན་པས།
ཕྲང་ལམ་དེ་ཡང་ རྒྱ་གར་གཞུང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ལམ་སེལ་ལས་ཁུངས་ཀྱིས་ སྤྱི་ལོ་༢༠༡༢ ལས་ བཟོ་སྐྲུན་འབད་ནི་ འགོ་བཙུགས་ཡོདཔ་ད་ དེའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༧༠༩.༩ གནས་ཡོད་པའི་གནས་ཚུལ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *