གནས་ཚུལ་མདོར་བསྡུས།

༉ མོང་སྒར་ སྐྱིད་བདེ་མཁར་ལུང་རྟོགས་ཆོས་ཀྱི་དགའ་ཚལ་ལྷ་ཁང་ནང་སྦེ་ བཤད་གྲྭའི་མཁན་པོ་དང་ དགེ་སློང་ དེ་ལས་ དད་ཅན་མི་སེར་ཚུ་གིས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དགུང་ལོ་༦༣ བཞེས་པའི་ འཁྲུངས་སྐར་དུས་སྟོན་ལུ་ གསུང་ཆོག་ཚུ་གནང་སྟེ་ རྟེན་འབྲེལ་བརྩི་སྲུང་ཞུ་ཡི།
སྐྱབས་རྗེ་རིན་པོ་ཆེའི་དོན་ལུ་ གསུང་ཆོག་གནང་པའི་སྐབས་ དད་ཅན་མི་སེར་ཚུ་གིས་ ཕྱག་འཚལ་ སྙན་དར་ཚུ་ ཕུལཝ་མ་ཚད་ དཀར་མེ་ཕུལ་བའི་ཤུལ་ལས་ མངར་རྫས་ཀེག་བཏོགས་ཏེ་ མཆོད་བཤམ་ནང་ཕུལ་བའི་ཤུལ་ལས་ གསུང་ཆོག་གནང་མི་ དགེ་སློང་དང་ དེ་ཁར་ སྤུངས་འཛོམས་འབད་མི་ མི་སེར་ཚུ་ལུ་ བྱིན་ཡི།
སྐྱིད་བདེ་མཁར་གཡུས་ཚན་ལས་ སྐྱེས་ལོ་༧༠ ལང་མི་ ཨང་རྒས་སྒྲོལ་མ་གིས་ སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ འཁྲུངས་སྟོན་ཉིནམ་དང་འབྲེལ་ སྐྱབས་རྗེ་མཆོག་ སྐུ་ཚེ་ཆུ་ལས་རིང་ མཛད་པ་འཕྲིན་ལས་དར་ཞིང་རྒྱས་ཏེ་ བསྐལ་པ་མ་སྟོང་གི་བར་དུ་ བསྟན་པ་དང་སེམས་ཅན་གྱི་དོན་ལུ་ ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ བཞུགས་བཅུག་ཟེར་བའི་ སྨོན་ལམ་བཏབ་ཅི་ཟེར་ སླབ་ཨིན་པའི་གནས་ཚུལ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *