ཀུར་སྟོད་དུང་དཀར་ལུ་ ཝི་ཅེཊ་ལག་ལེན་འཐབ་མི་མངམ་ཡོདཔ།

༉ འབྲུག་རྒྱལ་ཁབ་ནང་འཁོད་ཀྱི་ མཐའ་ཟུར་གཡུས་ཚན་ཚུ་ནང་ མི་སྡེ་ལུ་ བརྡ་བརྒྱུད་དང་འབྲེལ་བའི་ ཤེས་ཡོན་དང་ གོ་བརྡ་ལས་རིམ་ དུས་དང་དུས་སུ་ འགོ་འདྲེན་འཐབ་མི་དང་འབྲེལ་ ཁ་ཙ་ ལྷུན་རྩེ་རྫོང་ཁག་ ཀུར་སྟོད་དུང་དཀར་ལུ་ མི་སྡེའི་འགོ་ཁྲིདཔ་ཚུ་གིས་གཙོས་པའི་ མི་སེར་༦༠ ལུ་ དམངས་གཙོའི་རིང་ལུགས་ནང་ གཞུང་སྐྱོང་དང་ མི་སེར་གྱི་བར་ན་ ཟམ་བཟུམ་ཅིག་ཨིན་མི་ བརྡ་བརྒྱུད་ཀྱི་ལཱ་དང་འགན་ཁུར་ དེ་ལས་ མི་སྡེ་བརྡ་བརྒྱུད་ལག་ལེན་འཐབ་ཐངས་ཀྱི་སྐོར་ལས་ གོ་བརྡ་སྤྲོད་ཅི།

འབྲུག་བརྡ་བརྒྱུདཔ་མཐུན་ཚོགས་ཀྱིས་ འཛམ་གླིང་སྤྱི་ཚོགས་དམངས་གཙོའི་རིང་ལུགས་མ་དངུལ་གྱི་ རྒྱབ་སྐྱོར་ཐོག་ལས་ བརྡ་དོན་སྤེལ་ནིའི་ གོ་བསྡུར་ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ ལ་ལོ་གིས་ ཀུར་སྟོད་རྒེད་འོག་ནང་ ཐྲི་རི་ཇི་འགྲུལ་འཕྲིན་ཞབས་ཏོག་ལྷོད་དེ་ ལོ་ཕྱེད་དང་གཉིས་ཀྱི་རིང་ལུ་ གྲོང་གསེབ་མི་སྡེའི་བར་ན་ མི་སྡེ་བརྡ་བརྒྱུད་ དཔེར་ན་ འགྲུལ་འཕྲིན་དང་ ཝི་ཅེཊ་ ཕེགསི་བུག་ལ་སོགས་པ་ཚུ་ ལག་ལེན་འཐབ་ཐོག་ལས་ འབྲེལ་བ་འཐབ་ནི་ལུ་ ཕན་ཐོགས་སྦོམ་ བྱུང་སྟེ་ཡོད་ཟེར་བཤདཔ་ཨིན་པས།

སྤྱི་འོག་གི་ ཚོགས་པ་ཅིག་གིས་ སླབ་མིའི་ནང་ མི་སེར་འཛོམས་འདུ་ནང་ བཀུག་པའི་སྐབས་དང་ རྫོང་ཁག་གི་ སྐུ་མགྲོན་ཚུ་བྱོནམ་ད་ བརྡ་སླབ་ནིའི་དོན་ལུ་་ སྒོ་བཤལ་ཏེ་ འགྱོ་མ་དགོ་པར་ འགྲུལ་འཕྲིན་ཐོག་ལས་ འབྲེལ་བ་འཐབ་ནི་གི་ ཝི་ཅེཊ་སྡེ་ཚན་ བཟོ་མིའི་ནང་ བརྡ་འཕྲིན་སྤེལ་དོ་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ བརྡ་སླབ་པར་ རྐང་བཙུགས་ཐོག་ ཁྱིམ་གུང་རེ་རེ་བཞིན་དུ་ སྒོ་བཤལ་རྐྱབ་སྟེ་ འགྱོ་དགོ་ཟེར་ཨིན་པས།
ཀུར་སྟོད་དུང་དཀར་དེ་ དབང་ཕྱུག་བརྒྱུད་འཛིན་གྱི་ རྒྱལཔོ་དང་པ་ གོང་ས་ཨྱོན་དབང་ཕྱུག་མཆོག་གི་ཡབ་རྗེ་དམ་པ་ འཇིགས་མེད་རྣམ་རྒྱལ་གྱི་ འཁྲུངས་ཡུལ་ཨིནམ་ལས་ འབྲུག་གི་དོན་ལུ་ རྒྱལ་རབས་ཅན་ཅིག་ཨིན་པའི་གནས་ཚུལ།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *