གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༡༠ པའི་ཚེས་༥ ལས་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་ ཀོ་ཀ་ཀོ་ལ་ ཝི་ཀེ་ཡརསི་ཟེར་མི་ ཐིམ་ཕུག་ལག་རྩེད་བོ་ལི་བཱོལ་ལིག་གི་ རྩེད་འགྲན་འགོ་བཙུགས་ཡོདཔ་བཞིན་དུ་ དེ་ནང་ ཐིམ་ཕུག་ནང་འཁོད་ལས་ སྡེ་ཚན་༦ གིས་ བཅའ་མར་གཏོགས་ཡོད་པའི་ཁར་ འབྲུག་བོ་ལི་བཱོལ་ རྩེད་རིགས་ཚོགས་པ་གིས་ ད་རེས་འགོ་དང་པ་ འགོ་འདྲེན་འཐབ་མི་ རྩེད་འགྲན་དེ་ བདུན་མཐའི་སྐབས་ ས་གོ་༤ ནང་ འགོ་འདྲེན་འཐབ་ནི་ཨིན་པས།
ཁ་ཙ་ སྡེ་ཚན་༤ གི་བར་ན་ རྩེད་འགྲན་འབད་ཡོདཔ་བཞིན་དུ་ འབྲུག་པཱོལ་དང་ བསྟན་སྲུང་བོ་ལི་བཱོལ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ འབྲུག་པཱོལ་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་པའི་ཁར་ ཨཱོལ་ཕེ་རེནསི་དང་ འབྲུག་ཨི་བེན་༢ ཀྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ ཨཱོལ་ཕེ་རེནསི་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོད་པའི་གནས་ཚུལ།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *