ཁ་ཙ་ཕྱི་རུ་ ཐིམ་ཕུག་རྒྱ་གར་གཞུང་ཚབ་ལས་ཁང་ནང་སྦེ་ མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་གིས་ མའུན་ཊེན་ཨི་ཀོསི་ཟེར་མི་ རྩོམ་རིག་དུས་སྟོན་དེ་ འགོ་འབྱེད་གནང་ཡོདཔ་ད་ ཉིན་གྲངས་གསུམ་གྱི་རིང་ འགོ་འདྲེན་འཐབ་མི་ དུས་སྟོན་དེ་ནང་ འབྲུག་མི་༤༣ དང་ རྒྱ་གར་གྱི་མི་༢༡ དེ་ལས་ ཕྱི་རྒྱལ་གྱི་མི་༡༡ འབདཝ་ད་ རྩོམ་བྲིས་མཁན་བསྡོམས་༧༥ གིས་ རྩོམ་རིག་ སྒྱུ་རྩལ་ ལམ་སྲོལ་ རྒྱལ་རབས་ སྙན་ངག་ ཆོས་འབྲེལ་ལ་སོགས་པའི་ གནད་དོན་སྐོར་ལས་ གསལ་བཤད་འབད་ནི་ཨིན་པའི་གནས་ཚུལ།
