གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༩ པའི་ཚེས་༡༢ ལུ་ བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་ སྤུ་ནང་གཙང་ཆུ་གློག་མེ་ལས་འགུལ་དང་པ་དང་༢ པའི་ དབང་འཛིན་འགོ་དཔོན་ཚུ་དང་གཅིག་ཁར་ ལས་འབྲེལ་ཆིངས་ཡིག་གུ་ མཚན་རྟགས་འགོ་དང་པ་ བཀོད་མི་དེ་ཡང་ ལས་འགུལ་འཛིན་སྐྱོང་པ་དང་ གྲོས་སྟོན་པ་ ཁག་འབགཔ་ཚུ་གིས་ ལས་འགུལ་ཚུ་ ཞག་དུས་བཀོད་པའི་ དུས་ཚོད་ནང་ མཇུག་བསྡུ་ཚུགསཔ་འབད་ནི་གི་ འགན་ཁུར་ཧྲིལ་བུ་བཀལ་ཐབས་ལུ་ཨིན་པས།
སྤུ་ན་གཙང་ཆུ་ལས་འགུལ་དང་པ་དེ་ སྤྱི་ལོ་༢༠༠༨ ཟླ་༡༡ པའི་ནང་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༦ ཟླ་༡༡ པའི་ནང་ མཇུག་བསྡུ་དགོཔ་ཨིན་རུང་ ས་རུད་ཆད་མི་དང་ ས་ཆའི་གནས་སྟངས་བརྟན་ཏོག་ཏོ་མེདཔ་ལས་ ལཱ་མཇུག་བསྡུའི་དུས་ཚོད་དེ་ སྤྱི་ལོ་༢༠༢༤ ལུ་ ཕར་འགྱངས་འབད་ཡོདཔ་ད་ ཟད་འགྲོ་དེ་ཡང་ དངུལ་ཀྲམ་ཐེར་འབུམ་༣༥ ལས་ དུས་ཅི་ སྤྱི་ཟླ་༧ པ་ཚུན་ཚོད་ དངུལ་ཀྲམ་ཐེར་འབུམ་༩༣.༧ ལུ་ ཡར་འཕར་སོང་ནུག།
སྤུ་ན་གཙང་ཆུ་ལས་འགུལ་༢ པ་དེ་ སྤྱི་ལོ་༢༠༡༠ ཟླ་༡༢ པའི་ནང་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༢༢ ལུ་ མཇུག་བསྡུ་ནི་གི་ ལས་འཆར་ཡོད་པའི་གནས་ཚུལ།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *