གནས་ཚུལ་མདོར་བསྡུས།

སོ་ནམ་དང་ ནགས་ཚལ་བློན་པོ་ ཡེ་ཤེས་དཔལ་འབྱོར་གྱིས་ འབྲུག་གི་ འཐུས་མི་སྡེ་ཚན་ཅིག་ འགོ་ཁྲིད་ཐོག་ རྒྱ་གར་གྱི་ཁྲོམ་སྡེ་ ནོའི་ཌ་ལུ་ སྤྱི་ཟླ་༩ པའི་ཚེས་༩ དང་༡༠ ལུ་ འཛམ་གླིང་སྤྱི་ཚོགས་ས་ཆ་བྱེམ་ཐང་ལུ་འགྱུར་བའི་ གདོང་ལེན་གྱི་ མཐུན་གྲོས་ཞལ་འཛོམས་ནང་ བཅའ་མར་གཏོགས་ཡོདཔ་ད་ རྒྱ་གར་གཞུང་གིས་ སྤྱི་ཟླ་༩ པའི་ཚེས་༢ ལས་ འགོ་བཙུགས་མི་ རྒྱལ་སྤྱིའི་ཞལ་འཛོམས་ནང་ རྒྱལ་ཁབ་༡༩༦ ལས་ བློན་པོ་༩༣ བརྩིས་ཏེ་ རྒྱལ་སྤྱི་ལས་སྡེ་དང་ དམིགས་བསལ་གྱི་ འཛམ་གླིང་སྤྱི་ཚོགས་ལས་སྡེ་ ཞི་བའི་མི་སྡེ་ལས་འཚོགས་ དེ་ལས་ བརྡ་བརྒྱུདཔ་ཚུ་འབདཝ་ད་ འཐུས་མི་༨,༠༠༠ དེ་ཅིག་གིས་ བཅའ་མར་གཏོགས་ནུག།
ཞལ་འཛོམས་འགོ་འདྲེན་འཐབ་མི་དེ་ཡང་ ས་ཆ་བྱེམ་ཐང་ལུ་འགྱུར་བའི་ གདོང་ལེན་ཚུ་ སེལ་ཐབས་འབད་ནི་དང་ ས་ཆ་མར་ཉམས་ ཐན་སྐམ་ཚུ་ སྔོན་འགོག་འབད་ནིའི་དོན་ལུ་ འོས་འབབ་ཅན་གྱི་ ཐབས་ལམ་ཚུ་ བཏོན་ཐབས་ལུ་ཨིན་པས།
འཛམ་གླིང་སྤྱི་ཚོགས་ས་ཆ་བྱེམ་ཐང་ལུ་འགྱུར་བའི་ གདོང་ལེན་གྱི་ མཐུན་གྲོས་དེ་ སྤྱི་ལོ་༡༩༩༤ ལུ་ པེ་རིསི་ལུ་ ཆ་འཇོག་གྲུབ་མི་དེ་ཡང་ ཡུན་བརྟན་ས་ཆ་འཛིན་སྐྱོང་ཐོག་ལས་ ས་བྱེམ་ཐང་ལུ་ འགྱུར་ནི་ལས་ གདོང་ལེན་འབད་ནི་གི་ ཁྲིམས་མཐུན་ཡིག་ཆ་ཅིག་ཨིནམ་མ་ཚད་ མཐུན་གྲོས་དེ་ རྒྱལ་ཁབ་༡༩༦ དང་ ཡོ་རོ་པིན་སྤྱི་མཐུན་ཚོགས་པའི་ རྒྱལ་ཁབ་ཚུ་གིས་ རྒྱབ་སྣོན་ཆ་འཇོག་འབད་ཡོད་པའི་གནས་ཚུལ།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *