གནས་ཚུལ་མདོར་བསྡུས།

༉ ཁ་ཙ་ བཀྲིས་ཆོས་རྫོང་གི་ ཀུན་ར་ནང་སྦེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེའི་སྐུ་ཚབ་ གཞུང་དགེ་འདུན་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་ ཀུན་ལེགས་མཆོག་གིས་ སེམས་རྟོགས་ཁ་ སེམས་དོན་རིག་པའི་སྤེལ་ཁང་ལས་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་མི་ སློབ་ཕྲུག་༢༨ ལུ་ ལག་ཁྱེར་ཚུ་ གནང་ཡོདཔ་ད་ སྤྱི་ལོ་༢༠༡༦ ལས་ ལོ་ངོ་གསུམ་གྱི་རིང་ སློབ་སྦྱོང་འབད་མི་ ཤོ་ཐེངས་༡ པའི་ནང་ ཕོ་སྐྱེས་༡༥ དང་ ཨམ་སྲུ་༡༣ ཡོདཔ་ཨིན་པས།
སེམས་རྟོགས་ཁ་ སེམས་དོན་རིག་པའི་སྤེལ་ཁང་དེ་ སྤྱི་ལོ་༢༠༡༤ ཟླ་༨ པའི་ཚེས་༨ ལུ་ སྐྱབས་རྗེ་རྗེ་མཁན་མཆོག་གིས་ འཕྲོ་མཐུད་ཤེས་ཡོན་ལས་རིམ་ཐོག་ལུ་ དབུ་འཛུགས་གནང་ཡོདཔ་ད་ སློབ་སྦྱོང་དེ་ཡང་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་ཀྱི་ ངོ་རྟགས་དང་ ཐུན་མོང་མ་ཡིན་པའི་ལྟ་བ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཟེར་ ཡོངས་སུ་གྲགས་པ་དེའི་རྩ་བ་ ལུས་སེམས་ལེགས་བཅོས་འབད་ནི་ལུ་ རག་ལསཔ་ལས་ དེ་འགྲུབ་ནིའི་ཐབས་ལམ་ གཙོ་བོ་ར་ ཞི་བདེ་དང་ འཚེ་བ་མེདཔ་ སྙིང་རྗེ་དང་ རང་སེམས་བཏུལ་ནི་ཚུ་ ནང་པ་སངས་རྒྱས་པའི་ ཆོས་འབད་བ་ལུ་བརྟེན་ གཞུང་འཕགས་པའི་དགེ་འདུན་གྲྭ་ཚང་གིས་ འགོ་འདྲེན་ཐོག་ལས་ འགོ་བཙུགས་ཡོད་པའི་གནས་ཚུལ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *