གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༨ པའི་ཚེ་༧ ལུ་ ཀྲོང་གསར་རྫོང་བདག་གིས་ སྦྱིས་ཟམ་སློབ་གྲྭ་ཆུང་བའི་ནང་ ཉིན་མའི་ལྟོ་ཐོབ་ལས་རིམ་ འགོ་བཙུགས་ཡོདཔ་ཨིན་པས།
སློབ་ཕྲུག་༣༨ འབད་མི་ སློབ་གྲྭ་དེ་ རྫོང་ཁག་ནང་འཁོད་ལུ་ ཉིན་མའི་ལྟོ་ཐོབ་སློབ་གྲྭ་༥ ཡོད་པའི་གྲས་ལས་༡ ཨིན་པས།
སློབ་ཕྲུག་ལ་ལོ་ཅིག་ ལོ་ན་ཆུང་ཀུ་ཨིན་རུང་ ཉིན་བསྟར་བཞིན་དུ་ ཁྱིམ་ནང་ལས་ ལྟོ་བཅིངས་འབག་སྟེ་ དུས་ཡུན་ཆུ་ཚོད་ལས་བཅད་དེ་ ལམ་འགྱོ་དགོཔ་ཐོན་མི་ཚུ་ལུ་ ཕན་ཐོགས་བྱུང་ཡོདཔ་ཨིན་པས།
ཉིན་མའི་ལྟོ་བྱིན་དགོ་པའི་ གནད་དོན་གཅིག་ སློབ་གྲྭ་ནང་ ནང་སྡོད་ཞབས་ཏོག་མེད་པའི་ཁར་ ཕམ་ཉམ་ཆུང་གི་ ཨ་ལོ་ཚུ་ལུ་ཕན་ཐོགས་འབྱུང་ནིའི་དོན་ལུ་ ཨིན་པས།
ཀྲོང་གསར་རྫོང་ཁག་ནང་ ཉིན་མའི་ལྟོ་ཐོབ་སློབ་གྲྭ་ཚུ་ཡང་ སྦས་ལིང་སློབ་གྲྭ་ཆུང་བ་དང་ གཡུང་འབྲུ་ཆོས་གླིང་ སྦྱིས་ཟམ་ གླང་མཐིལ་བསམ་ཆོས་གླིང་སློབ་གྲྭ་ཚུ་ ཨིན་པའི་གནས་ཚུལ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *