སྤྱི་ཟླ་༧ པའི་ནང་ ཆར་ཆུ་དང་ རླུང་འཚུབས་ལུ་བརྟེན་ མོང་སྒར་རྫོང་ཁག་གི་ རྒེད་འོག་༩ ནང་ ཁྱིམ་གུང་པ་༧༠༥ དེ་ཅིག་གི་ ས་ཞིང་ཨེ་ཀར་༦༠༠ དེ་ཅིག་ནང་ འཛུགས་སྐྱོང་འབད་མི་ གེ་ཟ་ཚུ་ གནོད་སྐྱོན་རྐྱབ་ཡོདཔ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཉམས་རྒུདཔ་ཚུ་ལུ་ སེམས་གསོའི་གསོལ་རས་བསྡོམས་ དངུལ་ཀྲམ་ས་ཡ་༣.༩༥ གནང་ཡོདཔ་ད་ སྤྱི་ཟླ་༨ པའི་ཚེས་༡༦ ལུ་ མི་དབང་རྒྱལ་ཚབ་ཀྱི་ ཕྱག་ཞུ་མི་ གཟིམ་དཔོན་འོགམ་ ཡོན་ཏན་ཕུན་ཚོགས་ཀྱིས་ མི་དབང་མངའ་ཞབས་མཆོག་གི་ སྐུ་ཚབ་སྦེ་ སྐྱེངས་མཁར་དང་ འགྱུར་མེད་རྒེད་འོག་༢ ཀྱི་ གུང་པ་༡༥༢ ལུ་ སེམས་གསོའི་གསོལ་རས་ཚུ་ གནང་ཡོད་པའི་གནས་ཚུལ།
