གནས་ཚུལ་མདོར་བསྡུས།

ཁ་ཙ་ དབང་འདུས་ཕོ་བྲང་དྭངས་ཆུ་རྒེད་འོག་ལྟེ་བའི་ནང་ དབྱར་རྩྭ་དགུན་འབུབ་ རིན་བསྡུར་ཐོག་ལས་བཙོངམ་ད་ གོང་ཚད་མཐོ་ཤོས་ཀེ་ཇི་རེ་ལུ་ དངུལ་ཀྲམ་ས་ཡ་༠.༩༠༧ དང་ དམའ་ཤོས་དངུལ་ཀྲམ་ས་ཡ་༠.༣༢༦ དེ་ཅིག་ ཐོབ་ཡོདཔ་ད་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་མི་༧༠ དེ་ཅིག་ སྤུངས་འཛོམས་འབད་མི་ལས་༥༠ ལྷགཔ་ཅིག་གི་ འབུབ་བཙོང་ཡོདཔ་ལས་ ལྷག་ལུས་ཚུ་ ད་རིས་ རིན་བསྡུར་ཐོག་ བཙོང་ནི་ཨིན་པས། སོ་ནམ་པ་ཚུ་གིས་ འབུབ་ག་རམ་༥༠ ལས་ ཀེ་ཇི་༡ ཚུན་ འབག་འོང་ནུག་ཟེར་ རྒེད་འོག་བདག་སྐྱོང་གི་ འགོ་ཁྲིདཔ་ཅིག་གིས་ བཤད་ཡོདཔ་ད་ ནངས་པ་སྒང་སྟེང་རྒེད་འོག་དང་ སྤྱི་ཟླ་༧ པའི་ཚེས་༢༨ དང་༢༩ ལུ་ སྲས་ཕུག་རྒེད་འོག་ལྟེ་བའི་ནང་ དབྱར་རྩྭ་དགུན་འབུབ་ རིན་བསྡུར་ཐོག་ བཙོང་ནི་གི་ ལས་འཆར་ཡོད་པའི་གནས་ཚུལ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *