གནས་ཚུལ་མདོར་བསྡུས།

ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ཆརཔ་རྒྱུན་མ་ཆད་པར་ རྐྱབ་མི་ལུ་བརྟེན་ སྤྱི་ཟླ་༧ པའི་ཚེས་༡༡ གི་དྲོ་པར་ ཨོམ་ཆུ་བྲེས་ཏེ་ ཨོམ་ཆུ་ཟམ་གསརཔ་དང་ འདྲན་འདྲ་ལྷོད་མི་ལུ་བརྟེན་ ས་གནས་ཀྱི་མི་ཚུ་ ཟམ་རམ་འགྱོ་ནི་མས་ཟེར་ འདྲོག་བྱེལ་འཐབ་ཡོད་རུང་ ཕུན་ཚོགས་གླིང་ཁྲོམ་སྡེའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཆུ་བྲེས་མི་དེ་ ཟམ་གུ་ལས་ ལུད་འགྱོནི་མ་ཤེས་ ཟམ་དེ་ རམ་མི་འགྱོ་ཟེར་ཨིན་པས། ཁ་ཙ་དྲོ་པ་ལས་ ཨོམ་ཆུ་ཟམ་དང་ ཆུ་འདྲན་འདྲ་ལྷོན་ནི་ལས་ བཀག་ཐབས་ལུ་ ས་བརྐོ་འཕྲུལ་ཆས་ཚུ་ ལག་ལེན་ཐོག་ ཨོམ་ཆུའི་གཤམ་ལས་ བྱེམ་དང་རྡོ་ རག་རོ་ཚུ་སེལ་ནི་ འགོ་བཙུགས་ཡོད་པའི་གནས་ཚུལ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *