གནས་ཚུལ་མདོར་བསྡུས།

ཁ་ཙ་དྲོ་པ་ཆུ་ཚོད་༦.༡༠ དེ་ཅིག་ཁར་ ཕུན་ཚོགས་གླིང་དཔག་བསམ་ཁ་ལུ་ དཔལ་ལྡན་ཚོང་ལས་ཀྱི་ ཕི་རོ་སི་ལི་ཀཱོན་འཕྲུལ་ཁང་ནང་ མེ་རྐྱེན་བྱུངམ་ལས་ གློག་མེ་ཚད་སྤེལ་འཕྲུལ་ཆས་ ཊཱནསི་ཕོར་མར་དེ་ འཚིགས་ཡོདཔ་ལས་ གསརཔ་བཙུགས་ཚུགས་ཚུགས་ལུ་ དུས་ཚོད་འགོར་ནི་ཨིན་པས། གློག་རྒྱུན་ལས་ཟུན་པའི་ དོགས་པ་ཡོད་མི་ མེ་རྐྱེན་དེ་ ཁྲིམས་སྲུང་འགག་པ་དང་ མེ་བསད་སྡེ་ཚན་ བཟོ་གྲྭ་འཕྲུལ་ཁང་གི་ལས་བྱེདཔ་ བདེ་སྲུངཔ་ ཁས་བླངས་པ་ཚུ་གིས་ དྲོ་པ་ཆུ་ཚོད་༩ དེ་ཅིག་ཁར་རྐྱངམ་གཅིག་ བསད་ཚུགས་ཡོདཔ་ད་ འཕྲུལ་ཁང་དེ་ལུ་ གྱོང་རྒུད་ག་དེམ་ཅིག་ ཕོག་ཡོདཔ་ཨིན་ན་ ད་ལྟོ་ ཚོད་རྩིས་མ་བཏོན་པར་ཡོད་པའི་གནས་ཚུལ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *