གནས་ཚུལ་མདོར་བསྡུས།

ཁ་ཙ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁྲི་འཛིན་ དྲགོས་ཀརྨ་ཚུལ་ཁྲིམས་ཀྱིས་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ ཨི་སི་ཊི་ཟེན་ པོར་ཊཱལ་ཟེར་མི་ བརྡ་དོན་ཡོངས་འབྲེལ་ཐོག་ མི་སེར་ལུ་ ཞབས་ཏོག་ཞུ་ནི་གི་ ཡོངས་འབྲེལ་འཆར་སྒོ་ འགོ་འབྱེད་གནང་ནུག།
ཡོངས་འབྲེལ་ཞབས་ཏོག་དེ་ཡང་ ཁྲོམ་སྡེ་ཚུ་ནང་ རྒྱུ་དངོས་བདག་དབང་སྤོ་སོར་ཚུ་ བརྡ་དོན་ལམ་ལུགས་ཐོག་ལས་ ཕན་ནུས་ཅན་སྦེ་ འབད་ནི་གི་ ཕན་ཐབས་ལུ་ བཟོ་ཡོདཔ་ད་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་དྲུང་ཆེན་ པདྨ་ཚེ་དབང་གིས་ བཤད་མིའི་ནང་ རྒྱལ་ཡོངས་ས་ཆ་བསྐྱར་འཇལ་ལས་རིམ་ཐོག་ལས་ བསྡུ་སྒྲིག་འབད་མི་ བརྡ་དོན་འཕྲུལ་རིག་དང་ ས་ཁྲམ་གནས་སྡུད་ཚུ་ལུ་བརྟེན་ ཡོངས་འབྲེལ་གྱི་ ཞབས་ཏོག་གཞི་བཙུགས་འབད་ཚུགས་ཅི་ཟེར་ཨིན་པས།
ཡོངས་འབྲེལ་ཞབས་ཏོག་དེ་གི་ཐོག་ལས་ ས་ཆ་འཛིན་སྐྱོང་ལམ་ལུགས་དེ་ དྭངས་གསལ་དང་ འཇོན་ཐངས་ཅན་ ཕན་ནུས་ཅན་ བཟོ་ཚུགས་པའི་ རེ་བ་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

བཟའ་ཚང་ཅིག་ མི་ཚེ་སོར་སྒྱུར་ལུ་བརྟེན་ གནས་སྟངས་སྐྱོ་དྲགས་ནང་ཡོདཔ།

༉ འདས་པའི་ལོ་༢ མ་ལངམ་ཅིག་གི་ཧེ་མར་ འཇིགས་མེད་དེ་ མོང་སྒར་འབྲས་སྤུངས་རྒེད་འོག་ བཟུང་ལེན་གཡུས་ཚན་ནང་ བཟའ་ཚང་སྐྱོང་ནིའི་དོན་ལུ་ འགན་ཁུར་ཧྲིལ་བུམ་འབག་སྟེ་ བཟའ་ཚང་གི་མཐའ་དོན་ལུ་ བརྩོན་ཤུགས་བསྐྱེད་དེ་ ལཱ་འབད་མི་ཅིག་ཨིན་པས། སྐྱེས་ལོ་༣༨ ལང་མི་ཕོ་སྐྱེས་དེ་གིས་ ནང་མི་ཚུ་ལུ་ བཟའ་འཐུང་ཚུ་ …

Leave a Reply

Your email address will not be published. Required fields are marked *